ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝང་ཡང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གནས་ཚུལ་འགོད་སྤེལ་ནང་ཞུགས་མཁན་གསར་འགྱུར་ལས་དོན་པར་གཟིགས་པ།

སྤེལ་དུས 2019-03-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་མཚོ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་འགོད་སྤེལ་ལས་དོན་ནང་ཞུགས་མཁན་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་སྣང་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོའི་ཉིན་རེའི་ཚགས་པར། མི་དམངས་སྲིད་གྲོས་ཚགས་པར། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་དང་དེ་བཞིན་ཀྲུང་གོའི་སྲིད་གྲོས་དུས་དེབ་ཁང་གི་འགན་འཁུར་བློ་མཐུན་དང་རྩོམ་སྒྲིག་པ་དང་དེ་བཞིན་གསར་འགོད་པའི་འཐུས་ཚབ་བཅས་ལ་གཟིགས་གནང་བ་དང་། ཚོགས་ཆེན་གྱི་གནས་ཚུལ་འགོད་སྤེལ་ནང་ཞུགས་མཁན་གསར་འགྱུར་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
           ཝང་ཡང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་ཚོགས་ཡག་པོ་འཚོག་རྒྱུའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་དེ་གསར་འགྱུར་ལས་ཁུངས་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ། གྲོས་ཚོགས་ཐོག་དང་གྲོས་ཚོགས་རྗེས། དྲ་ཐོག་དང་དྲ་འོག་བརྒྱུད་སྦྲེལ་དང་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཚགས་པར་དང་། དྲ་བ། སྤྱོད་སྣེ། འཕྲིན་ཕྲན། བརྙན་ངོས་བཅས་མཐུན་སྦྱོར་ངང་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ནས། རྣམ་པ་མང་པོ་དང་། མཐོང་སྣང་མང་པོ། རིམ་པ་མང་པོ་བཅས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པའི་གྲུབ་འབྲས་དྲིལ་བསྒྲགས་བྱས་པ་དང་། རྒྱ་ཆེའི་ཨུ་ཡོན་རྣམས་ནས་རྒྱལ་དོན་ནང་ཞུགས་ཤིང་། སྲིད་དོན་གྲོས་གླེང་དང་གྲོས་འཆར་འདོན་པའི་ཉམས་འགྱུར་དྲིལ་བསྒྲགས་བྱས་པས། བརྗོད་དོན་གཙོ་བོ་དར་སྤེལ་བཏང་བ་དང་། དྲང་ནུས་གཅིག་ཏུ་འགྲིལ་བ། དྲ་ཐོག་དང་དྲ་འོག་གཅིག་མཐུན་ཐོག་ནས། ཚོགས་ཆེན་ལེགས་འགྲུབ་ལྡན་པའི་ངང་འཚོག་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་ཡོད་པ་རེད།
           ཝང་ཡང་གིས་ཚང་མས་གཙོ་རྒྱུན་སྨྱན་སྦྱོར་གྱི་སྒྲོག་སྤེལ་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ནུས་པ། སྤྱིའི་ཡིད་རྟོན་ནུས་པ་བཅས་ཆེ་བའི་དགེ་མཚན་མུ་མཐུད་འདོན་སྤེལ་བྱེད་པ་དང་། སེམས་ཤུགས་འཕེལ་བ་དང་དམངས་སེམས་གཅིག་ཏུ་སྡུད་པ། མི་སེམས་ལ་དྲོད་སྣང་སྦྱིན་པ། བློ་སེམས་གཅིག་མཐུན་བཅས་ལ་དམིགས་ནས། ཀྲུང་གོའི་སེམས་འདུན་སྒྲོག་སྤེལ་ལེགས་པོ་བྱེད་པ་དང་། སྲིད་གྲོས་ཀྱི་གཏམ་རྒྱུད་ལེགས་པར་བཤད་པ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྲིད་ཞུགས་སྲིད་གྲོས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་ཕྱོགས་གཉིས་སུ་ཤུགས་འདོན་པའི་གསོན་ཉམས་ལྡན་པའི་ལག་ལེན་གང་ལེགས་མངོན་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་ཁྱད་འཕགས་རང་བཞིན་ཆེན་པོ་མངོན་པར་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
           ཧོང་ཁུན་མིང་དང་། ཀྲང་ཆིང་ལི། ཞ་པའོ་ལུང་སོགས་ལྷན་དུ་གཟིགས་པར་ཕེབས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།