ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནང་སོག་དང་བོད་ལྗོངས་བར་གནམ་གྲུ་ཐད་ཀར་འཕུར་སྐྱོད་ཐུབ་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             སྤྱི་ཚེས་༡༥ཉིན་གྱི་སྔ་དྲོ། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི A320་རྟགས་ཅ ན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ནང་སོག་རང་སྐྱོང་ལྗོངས་ཧུ་ཧེ་ཧའོ་ཐེའི་པེ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ་བོད་ལྗོངས་ལྷ་ས་གོང་དཀར་གནམ་གྲུ་ཐང་དུ་འབབ་ཡོད་པ་རེད། མཁའ་ལམ་དེ་ནི་ནང་སོག་དང་བོད་ལྗོངས་བར་གྱི་ཐད་འཕུར་མཁའ་ལམ་དང་པོ་དེ་ཡིན་པ་དང་དེའི་ཐོག་ནས་ནང་སོག་གི་ཞིང་ཆེན་ནས་ཞིང་ཆེན་བར་ཤར་གཏོང་ཐུབ་པའི་མཁའ་ལམ་ཡོངས་སུ་ཁྱབ་པ་མཚོན་གྱི་ཡོད་པ་རེད།
             ཧུ་ཧེ་ཧའོ་ཐེའི་པེ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མཁའ་ལམ་དེ་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ལས་འགན་འཁུར་གྱི་ཡོད་པ་དང་མཁའ་ལམ་དེའི་གནམ་གྲུའི་ནང་འགྲུལ་པ་༡༢༠ཤོང་གི་ཡོད་ཅིང་ཉིན་རེར་ཐེངས་རེ་འཕུར་གྱི་ཡོད། གནམ་གྲུ་འཕུར་བའི་དུས་ཚོད་ཞོགས་པའི་ཆུ་ཚོད་༧པ་དང་སྐར་མ་༤༥ཐོག་ཧུ་ཧེ་ཧའོ་ཐེ་ནས་འཕུར་ནས་ཕྱི་དྲོའི་ཆུ་ཚོད་༡༤དང་སྐར་མ་༤༠ཐོག་ལྷ་ས་གོང་དཀར་གནམ་གྲུ་ཐང་དུ་འབབ་ཀྱི་ཡོད་ཅིང་། དེ་ནས་ཕྱི་དྲོའི་ཆུ་ཚོད་༡༥དང་སྐར་མ་༣༠ཐོག་གོང་དཀར་གནམ་གྲུ་ཐང་ནས་འཕུར་ཏེ་དགོང་མོའི་ཆུ་ཚོད་༢༢དང་སྐར་མ་༡༥ཐོག་ཧུ་ཧེ་ཧའོ་ཐེར་འབབ་ཀྱི་ཡོད་པ་དང་ལམ་བར་དུ་ཞི་ཨན་ཞན་ཡང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབབ་རྗེས་ཡང་སྐྱར་འཕུར་གྱི་ཡོད་པ་རེད།
             ཧུ་ཧེ་ཧའོ་ཐེའི་པེ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ལས་དོན་མི་སྣས་ངོ་སྤྲོད་བྱས་པར། དེ་སྔ་ནང་སོག་ནས་བོད་ལྗོངས་ལ་འཕུར་བའི་གནམ་གྲུ་དེ་ཞི་ཨན་དང་ལན་ཀྲའུ། ཁྲེན་ཏུའུ་སོགས་བརྒྱུད་དེ་འཕུར་དགོས་ཀྱི་ཡོད་པས་སྟབས་བདེ་པོ་མེད། ད་ཐེངས་ཀྱི་མཁའ་ལམ་དེས་ནང་སོག་ནས་བོད་ལྗོངས་སུ་འཕུར་བའི་དུས་ཚོད་ཧ་ཅང་གི་ཐུང་དུ་ཕྱིན་ཡོད་པས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་མ་ཟད་ནང་སོག་གི་སྒོ་དབྱེ་དང་གོང་འཕེལ་ཐད་སྔར་བས་འཐུས་ཚང་གི་མཁའ་ཐོག་ཟམ་པ་ཞིག་བསྐྲུན་ཡོད་པའི་རྣམ་པ་བསྟན་འདུག
རྩོམ་སྒྲིག་པ། སངས་སྐྱབས།