ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་དུ་སྲུང་།

སྤེལ་དུས 2019-04-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          འདི་ནི་ཚེས་15ཉིན་གྱི་སྔ་དྲོ། “སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ་ཉེན་ཁ་གལ་ཆེན་འགོག་ཟོན་དང་ཧུར་ཐག་བསལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གཡུ་ཐོག་ལམ་དུ་དངོས་སུ་སྤེལ་ཞིང་། འདི་ནི་ས་གནས་ས་ཐོག་ཏུ་ལས་དོན་པས་འགྲོ་འོང་བྱེད་མཁན་གྲོང་མིར་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་པ།

          ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་པ་དང་ཉིན་དེར་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་མ་དམག་སྒར་ནང་བོས་ནས་དམག་སྒར་གྱི་ཡིད་དབང་འགུག་ཤུགས་ཚོར་ཐུབ་པ་དང་། དཔུང་སྡེའི་འཚོ་བ་མྱོང་ཚོར་ཐུབ་པ། རྒྱལ་སྲུང་སློབ་གསོ་དང་ལེན་བཅས་ཡོང་བ་བྱས་ཤིང་། འདི་ནི་དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་དམིགས་བསལ་རུ་འབྲིང་གི་དཔོན་དམག་ཚོས་སློབ་མ་ཚོར་ཉལ་ཆས་བསྡུ་སྟངས་སློབ་བཞིན་པ།
རྩོམ་སྒྲིག་པ། རྡོ་རྗེ།