ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བར་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2019-04-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དབང་འདུས། མིག་དམར་རྒྱ་མཚོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་མ་ཟད་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

          ཁོང་གིས། སྤྱི་ལོ་༢༠༢༠ལོར་སླེབས་དུས་གྲོང་གསེབ་ཀྱི་དབུལ་ཕོངས་རྣམས་ཟས་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོང་བ་བྱ་རྒྱུ་ནི་དབུལ་ཕོངས་རྣམས་དབུལ་སྒྲོལ་ཡོང་བའི་གཞི་རྩའི་བླང་བྱ་དང་སྲོག་ཤིང་གི་མཚོན་རྟགས་ཡིན་པས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བྱ་ཐབས་ནན་པོ་བཟུང་ནས་དུས་བཀག་ལྟར་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་ཡོད།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་རྣམ་པ་བསྟན་ཡོད།
          འོས་འགན་སློབ་གསོར་འགན་ལེན་ཡོད་པ་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད།  ཁྲུང་ཆིང་དུ་ཕེབས་འབྱོར་ཟིན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་ནི་རི་ཁུག་ཏུ་གནས་པའི་ཧྲེ་ཀྲུའུ་ཐུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་སློབ་ཆུང་ཡིན་པ་རེད།  ལོ་རིམ་གཉིས་པའི་རྒྱ་ཡིག་དགེ་རྒན་མ་དབྱིང་ཚུའེ་ཡིས་སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་སློབ་གྲྭ་ཐོན་རྗེས་མ་ཡུམ་སློབ་གྲྭར་ལས་ཀ་བྱས་ནས་ལོ་༡༧ཕྱིན་པའི་བརྒྱུད་རིམ་སྙན་སེང་ཞུས་ཡོད།  སྤྱི་ཁྱབ་ཧྲུའུ་ཅིས།  གྲོང་གསེབ་ཀྱི་དགེ་རྒན་དེ་བས་མང་བ་དབུལ་ཕོངས་ས་ཁུལ་དུ་གཞིས་ཆགས་པ་མཐོང་འདོད་འདུག་ཅེས་གསུངས་གནང་བ་དེས་མ་དབྱིང་ཚུའེ་ཡི་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཀའ་མོལ་དེ་འདྲ་གསུངས་གནང་བ་ནི་ང་ཚོ་མུ་མཐུད་འདི་གར་གཞིས་ཆགས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་སྔར་བས་ཆེ་བ་ཐེབས་པའི་མྱོང་ཚོར་བྱུང་ཞེས་བསྟན་ཡོད་པ་རེད།
          གྲོང་ཁྱེར་དུ་ཡོད་པའི་གཞི་རིམ་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བྱང་ཤར་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་སློབ་སྤྱི་ཧྲའོ་ཀྲེ་ཧའོ་ཡིས། སྔར་རྒྱུན་བཞིན་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་དགེ་རྒན་རྩ་བ་ཚུགས་པའི་འཆར་གཞི་དང་རོགས་སྐྱོར་འཆར་གཞི་མུ་མཐུད་སྤེལ་རྒྱུ་ཡིན། ང་ཚོས་སྤུས་ལེགས་སློབ་གྲྭ་སྔར་བས་མང་བར་སྣེ་ཁྲིད་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་ལ་གཅིག་ལ་གཅིག་གཏད་ཀྱིས་རྩ་བ་ཚུགས་པའི་རོགས་སྐྱོར་འཆར་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ང་ཚོའི་འགན་འཁྲི་ལག་བསྟར་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཆེན་པོའི་འགན་བཅོལ། སྨན་བཅོས་རོགས་སྐྱོར་བཅས་ནི་མང་ཚོགས་རྣམས་ནད་གཞིའི་རྐྱེན་པས་དབུལ་ལོག་མ་ཐེབས་པ་བྱེད་པའི་འགན་སྲུང་གལ་ཆེན་དང་མ་མཐའི་འགན་ལེན་གྱི་འགག་རྩ་ཡིན་ཞེས་གསུངས་གནང་ཡོད། ཧྲན་ཏུང་ཙེ་པོ་པོ་ཧྲན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་པོ་ཧྲན་ཁུལ་པ་ཏོ་གྲོང་རྡལ་པེ་ཧྥོང་ཡུའེ་གྲོང་ཚོར་མངགས་གཏོང་བྱས་པའི་གྲོང་ཚོའི་སྨན་པ་དང་པོ་ཧོང་ཤིན་ཡན་གྱིས། ང་ཚོ་གྲོང་ཚོའི་སྨན་པ་དང་པོ་གཤམ་གཏོང་བྱས་པ་དེས་གྲོང་ཁྱེར་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དབུལ་ཕོངས་ས་ཁུལ་དང་ཉམས་ཞན་ས་ཁུལ་དུ་ཁྱབ་པ་བྱས་ཏེ་གྲོང་ཚོའི་ནང་ཚད་ལྡན་ཅན་གྱི་བརྟག་དཔྱད་སྨན་བཅོས་ཁང་འཛུགས་སྐྲུན་དང་། གྲོང་གསེབ་སྨན་པར་སྦྱོང་བརྡར་སྤྲོད་པ། གྲོང་གསེབ་ཀྱི་མང་ཚོགས་ལ་ཁྱོན་ཡོངས་ནས་བདེ་ཐང་གི་ཡིག་ཚགས་བཟོ་བ་བཅས་ལ་རོགས་རམ་བྱེད་པ་དང་། དུས་མཚུངས་སུ་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བརྟག་དཔྱད་སྨན་བཅོས་ཀྱི་སྟབས་བདེའི་ཐབས་ལམ་གཏོད་རོགས་བྱེད་པ་དང་དུས་དང་རྣམ་པ་ཀུན་དུ་ཁོང་ཚོའི་བདེ་ཐང་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ནས་ང་ཚོའི་ཚན་པ་འདི་ནས་དབུལ་སྒྲོལ་མང་ཚོགས་རྣམས་ནད་གཞིའི་རྐྱེན་པས་དབུལ་ལོག་མི་ཐེབས་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
          དབུལ་སྒྲོལ་འགག་གཏོར་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་དུས་སུ་སླེབས་པས་ངར་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཞུམ་མེད་ཀྱིས་རྒྱལ་ཁ་རྦད་དེ་མི་ཐོབ་བར་མུ་མཐུད་འབད་འཐབ་བྱེད་དགོས། ཧྥུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་ལན་ཁྲེང་རྫོང་གི་དབུལ་སྐྱོར་ལས་བྱེད་པ་ཙའུ་ཏིང་ཀྲོན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་རང་ཉིད་ཀྱི་ལས་ཀའི་སེམས་ཤུགས་འཕེལ་རྒྱུར་སླར་ཡང་སྐུལ་མ་ཐེབས་བྱུང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་བྱ་ཐབས་ཁག་གྲོང་ཚོ་དང་ཁྱིམ་དུད། མི་སྒེར་བཅས་བར་དོན་འཁྱོལ་ཐུབ་པ་བྱེད་དགོས། རིག་ནུས་དབུལ་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཕོངས་ཁྱིམ་དུད་ཀྱི་ནང་སྐྱེའི་སྒུལ་ཤུགས་ཤུགས་ཆེར་ཏན་ཏིག་གཏོང་དགོས། དུས་མཚུངས་སུ། མང་ཚོགས་ཀྱི་བསམ་འཆར་ནན་ཏན་ངང་ཉན་པ་དང་།  མང་ཚོགས་ཀྱིས་བཏོན་པའི་དོན་དངོས་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད། མིག་སྔར་འགན་ལེན་གསུམ་གྱི་ཁྲོད་གནས་པའི་ཉམས་ཞན་ལྷུ་ཚིགས་ཐད།  དབུལ་སྒྲོལ་འགག་གཏོར་གྱི་འཐབ་ས་དང་པོའི་ལས་བྱེད་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ཡག་པོ་འདོན་པ་བཅས་བྱས་ཏེ།  ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཟིན་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། ཁྲུང་ཆིང་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཀུའེ་ཀྲུང་གིས། ང་ཚོས་དབུལ་ཕོངས་གཏིང་ཟབ་སར་འགག་གཏོར་ཤུགས་ཆེན་བྱས་ནས། ད་ལོ་རྫོང་བཞི་སྤྱི་ཡོངས་ནས་དབུལ་ཞྭ་ཕུད་ཐུབ་པ་དང་། དབུལ་ཕོངས་གྲོང་ཚོ་༣༣དང་། དབུལ་ཕོངས་མི་འབོར་ཆིག་འབུམ་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། 
          ཧུའུ་པེ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཤང་ཁེ་ཆང་གིས། མིག་སྔར། ཧུའུ་པེ་ཡིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་དམིགས་འབེན་ཚད་གཞི་བརྟན་པོར་བཟུང་ནས། གནད་ལ་འཕིགས་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གནད་ལ་འཕིགས་པ་དང་དོན་དངོས་གཉིས་ལ་གཅིག་སྡུད་ཐོག་དོ་ཁུར་བྱས་ཏེ། དབུལ་སྒྲོལ་ལས་དོན་ཏན་ཏིག་དང་དབུལ་སྒྲོལ་བརྒྱུད་རིམ་དངོས་སྒྲུབ་པ། དབུལ་སྒྲོལ་མཇུག་འབྲས་དོན་དངོས་བཅས་ཀྱི་འགན་ལེན་བྱེད་བཞིན་ཡོད། དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་ཟིན་ནའང་དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་དོར་བ་དང་། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་དོར་བ། དབུལ་ཞྭ་ཕུད་ཀྱང་བྱ་ཐབས་མི་དོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་དོར་བ་བཅས་བྱས་ཡོད། ད་དུང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐད། ང་ཚོས་དམིགས་ཚད་དང་རེའུ་མིག་ལ་གཞིགས་ནས། དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།