ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་2018ལོར་མང་ཚོགས་དབུལ་པོ་ཁྲི་7.11ལ་གཟུགས་པོ་བརྟག་དཔྱད་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ།

སྤེལ་དུས 2019-04-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཉེ་བའི་ལོ་ཤས་རིང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྤྱི་པའི་བདེ་ཐང་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། འདི་ནི་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ལོ་གཅིག་དུས་གཅིག་གི་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོར་ཞུགས་ཏེ་གླུ་ལེན་གར་རྩེད་བྱེད་པའི་རྣམ་པ་རེད།    
          ཚེས་16ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། 2018ལོ་ནས་བཟུང་གྲོང་ཁྱེར་དེས་དུད་ཚང་ཁྲི་2.1ལྷག་ཙམ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་8.82ལྷག་ལ་གྲོང་ཚོ་རེ་རེ་དང་། དུད་ཚང་རེ་རེ། མི་རེ་རེ་བཞིན་གྱི་བདེ་ཐང་གཟུགས་པོ་བརྟག་དཔྱད་ཀྱི་ཆ་འཕྲིན་བསྡོམས་རྩིས་བྱས་པ་རེད། མིག་སྔའི་བར་མང་ཚོགས་དབུལ་པོ་ཁྲི་7.11ལྷག་གི་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་ཡོད།
འདི་ནི་2018ལོའི་ཟླ་8པར། བོད་ལྗོངས་ནག་ཆུའི་རྟ་རྒྱུག་དུས་ཆེན་དུ་ས་གནས་ཀྱི་མང་ཚོགས་ཀྱིས་མཉམ་གཅིག་ཏུ་སྐོར་བྲོ་ཆེན་པོ་འཁྲབ་པའི་རྣམ་པ་རེད།    
          ནག་ཆུ་གྲོང་ཁྱེར་གྱིས་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱ་རྒྱུ་དང་། “ནད་ཆེན་རང་སྐྱོང་ལྗོངས་ནས་སྨན་བཅོས་བྱེད་ཐུབ་པ་དང་། ནད་འབྲིང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ། ནད་ཆུང་རྫོང་ནས་སྨན་བཅོས་བྱེད་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་འཕྲོད་བསྟེན་དང་བདེ་ཐང་རྣམ་གྲངས་ལག་ལེན་བསྟར་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 2018ལོ་ནས་བཟུང་། མ་དངུལ་སྒོར་ཁྲི་2500(མི་དམངས་ཤོག་སྒོར)བཏང་ནས་རྫོང་དང་ཆུས་11དང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་གཟུགས་པོ་བརྟག་དཔྱད་ཀྱི་སྒྲིག་ཆས་ལྡན་པའི་བདེ་ཐང་གཟུགས་པོ་བརྟག་དཔྱད་ཀྱི་རླངས་འཁོར་བཀོད་སྒྲིག་བྱས་ཏེ། རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མི་སྣའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་། མིག་སྔའི་བར་རྫོང་ཁག་གིས་སྨན་བཅོས་འཕྲོད་བསྟེན་མི་སྣ་མི་ཐེངས་3164ལྷག་ལ་གསོ་སྦྱོང་བྱས་པ་རེད། 
          དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱིས“ཁག་གཅིག་གསུམ”གྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཧུར་ཐག་བྱས་སྟེ། དམིགས་འཛུགས་སྨན་ཁང་བརྒྱུད་ནས་ནད་ཆེན་ཁག་གཅིག་གཅིག་སྡུད་ཀྱིས་སྨན་བཅོས་བྱས་པ་དང་། ཁྱིམ་ཚང་སྨན་པའི་ལམ་ལུགས་བཙུགས་པ་བརྒྱུད་གཅོང་ནད་གན་འཇོག་ཞབས་ཞུའི་དོ་དམ་ཁག་གཅིག་ལག་བསྟར་བྱས་པ། ཕྱོགས་བསྡུས་མཐའ་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ནད་གཞི་ལྕི་མོ་ཕོག་པའི་སྨན་བཅོས་འགན་ལེན་བྱས་ནས“ནད་གཞིའི་དབང་གིས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི”སྣང་ཚུལ་ལ་ཚོད་འཛིན་གང་ཐུབ་བྱས་ཡོད།
          གཞན་ཡང་ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་གནས)གཞན་པའི་གནས་གཏན་འཁེལ་སྨན་ཁང་དང་གྲོས་མཐུན་བཞག་ནས་ནད་པ་སྔོན་ལ་སྨན་ཁང་དུ་སྡོད་པ་དང་དེ་རྗེས་རྩིས་རྒྱག་ཐུབ་པ་དང་། མང་ཚོགས་སྨན་ཁང་དུ་བསྡད་ནས་གཏའ་དངུལ་སྤྲོད་མི་དགོས་པ། སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དུས་བཀག་ལྟར་གཞུང་ནས་གཞུང་ལ་མཇུག་རྩིས་རྒྱག་པ་སོགས་མངོན་འགྱུར་བྱུང་ཡོད། 
          ནག་ཆུ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་རྣམས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཆ་ཤས་དེ་དམངས་སྲིད་དང་ནོར་སྲིད་ཀྱིས་ཚབ་འཇལ་བྱེད་པ་དང་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་། སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་སྔོན་གྱི་རྨང་གཞིའི་ཐོག་5%ནས་10%བར་མཐོ་རུ་བཏང་བ་དང་། གཅོང་ནད་ཕོག་པའི་ནད་པའི་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་འགྲོ་གྲོན་50%ནས་70%བར་རྩིས་ཞུ་བྱེད་པ་དང་འབྲེལ་ལོ་འཁོར་གྱི་མཐོ་ཤོས་སུ་འཇུག་དགོས། 2018ལོ་ནས་ད་བར་དུ་ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་མི་4661སྐྱོབ་བཅོས་བྱས་པ་དང་སྨན་བཅོས་འགྲོ་གྲོན་སྣ་ཚོགས་སྒོར་ཁྲི་4950.62རྩིས་ཞུ་བྱས་པ་རེད།