ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རིགས་ཀྱི་ལམ་ནས་རྒྱལ་སྤྱི་གླེང་བ་དང་། སྒྱུ་རྩལ་ལ་བརྟེན་ནས་སྣ་མང་མངོན་པ།

སྤེལ་དུས 2019-04-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པར་ཁྲེང་ཏུའུ་གྲོང་ཁྱེར་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་དེ་སྣ་མང་མེ་ཏོག་འདབ་བརྒྱ་གྲོལ་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་རང་བྱུང་དང་གླེང་མོལ་བྱེད་པ་དང་། རང་ཉིད་ཀྱི་སེམས་པ་དང་གླེང་མོལ་བྱེད་པའི“ཧི་མ་ལ་ཡ་མཐོང་སོན་བྱུང་པ”ཞེས་པའི་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་དེ་གར་སྤེལ་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཁྲེང་ཏུའུIFSཡིས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་སྤུས་རྟགས“ཐི་ཧུའུ”དང་མཉམ་འབྲེལ་ཐོག་གཉེར་བ་ཡིན་ལ། ཀྲུང་གོ་དང་དབྱིན་ཇི། དབྱི་ཐ་ལི་བཅས་རྒྱལ་ཁབ་གསུམ་གྱི་དེང་རབས་སྒྱུ་རྩལ་མཁས་ཅན17གྱི་བརྩམས་ཆོས་ཆེ་གྲས30ཙམ་ཞིབ་འདེམས་བྱས་ནས་ཟླ4ཚེས19ཉིན་ཁྲེང་ཏུའུ་རུ་འགྲེམས་སྟོན་བྱས་པ་རེད། 
འགོ་ཚུགས་མཛད་སྒོའི་འགྲེམས་སྟོན་ནང་ཞུགས་མཁན་མི་སྣའི་མཉམ་པར།
             བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་རང་ངོས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བརྟན་སྲུང་བྱས་པ་དང་སྒྱུ་རྩལ་གྱི་འདུ་ཤེས་གསར་པའི་བསམ་པའི་རླབས་རྒྱུན་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་པ་ལས་བྱུང་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་དང་ས་མཐོའི་འཆར་སྣང་གི་བློ་སྐྱེད་བྱུང་པ་རེད། དེང་རབས་བོད་ཀྱི་སྒྱུ་རྩལ་གྱིས་རླབས་ཆེན་གྱི་“རིག་རྩལ་བསྐྱར་དར”་གྱི་བརྒྱུད་རིམ་ཞིག་བརྒྱུད་བཞིན་ཡོད་པ་དང་དུས་རབས་གསར་པའི་བོད་ཀྱི་དེང་རབས་སྒྱུ་རྩལ་མཁས་ཅན་དག་ཀྱང་དར་རྒྱས་འགྲོ་བཞིན་ཡོད་པ་རེད། 
འགྲེམ་སྟོན་གྱི་ཡུལ་དངོས། 
             “ཧི་མ་ལ་ཡ་མཐོང་སོན་བྱུང་པ”ཞེས་པའི་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་བརྩམས་ཆོས་ལས་ཧི་མ་ལ་ཡས་མིའི་རིགས་ལ་བཞག་པའི་རྩ་ཆེའི་རྒྱུ་ནོར་ཏེ་ཡུལ་ལྷ་གཞི་བདག་མཆོད་པ་དང་མ་གྱུར་སེམས་ཅན་ཀུན་ལ་བརྩེ་བ་འཛིན་པ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་མངོན་ཡོད་ཅིང་། གནའ་བོའི་ཧི་མ་ལ་ཡའི་དེང་རབས་སྒྱུ་རྩལ་གྱིས་མི་སེམས་ལ་རྒྱུན་མཐུད་ངང་བློ་སྐྱེད་སྦྱིན་ནས་ཤེས་རྟོགས་ཐུབ་མཁན་ཚང་མར་མཚར་སྣང་སྦྱིན་ཡོད་པ་རེད། 
             དུས་རབས་ཀྱི་འཕོ་འགྱུར་བརྒྱུད་བོད་ཀྱི་རིག་གནས་སྒྱུ་རྩལ་དེ་རྔམ་བརྗིད་ལྡན་པའི་སྲོལ་རྒྱུན་ནས་ཕྱི་ལ་ཐོན་བཞིན་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་གངས་རི་དང་རྩྭ་ཐང་གི་གཏིང་ནས་བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་སྔ་རབས་དེང་སྐབས་དང་དེང་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དེང་རབས་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་འབོར་ཆེན་ཞིག་བསྣམས་ཏེ། ཁྲེང་ཏུའུ་རུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྒྱུ་རྩལ་མཁས་ཅན་དང་མཉམ་དུ་དེང་རབས་སྒྱུ་རྩལ་འཕེལ་རྒྱས་གཏོང་རྒྱུ་དང་མཉམ་དུ་སྔར་བྱུང་མྱོང་མེད་པའི་བོད་ལྗོངས་འཚོལ་ཞིབ་གནང་རྒྱུ་རེད།
གཙོ་གཉེར་ཕྱོགས་ཀྱི་ཚོགས་ཞུགས་མི་སྣ།
             ད་ཐེངས་ཀྱི་འགྲེམས་སྟོན་ནི་བོད་ཀྱི་རིག་གནས་བོད་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་སྐྱོད་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་གོ་ལ་ཧྲིལ་པོ་དང་གླེང་མོལ་བྱེད་པའི་གོ་སྐབས་བྱུང་པ་ཡིན་ལ། མི་ཚང་མར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་འབད་བརྩོན་དང་གྲུབ་འབྲས་འགྲེམས་སྟོན་གནང་པ་ཞིག་ཀྱང་རེད། བོད་ཀྱིས་རིག་གནས་ཐོན་ལས་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རིག་གནས་ཐོན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་སྔར་བས་མངོན་གསལ་དོད་དུ་འགྲོ་བ་དང་། གནད་སྨིན་དབུལ་སྐྱོར་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྣམ་གྲངས་འབོར་ཆེན་ཞིག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད་པ་རེད། 
འགྲེམ་སྟོན་ཁང་གི་མདུན་དུ་ཕུབ་པའི་སྦྲ་ནག 
             ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་འགྲེམས་ཁུལ་གཉིས་སུ་དབྱེ་ཡོད་དེ། ཁྲེང་ཏུའུIFSཡི་ཐོག་བརྩེགས་དང་པོའི་གནའ་ཤུལ་ཐང་ཆེན་དུ་དུས་ཡུན་ཉིན17གྱི་མཛེས་རྩལ་ཁང་ཞིག་གྲོང་ཁྱེར་གྱི་དཀྱིལ་དུ་འགྱིང་ངེར་འགྲེང་ནས་འུར་ཟིང་ཁྲོད་དུ་ལྷང་འཇགས་ཀྱི་བར་སྟོང་ཞིག་བསྐྲུན་ཡོད་པ་དང་། ཁྲེང་ཏུའུIFSཡི་ཐོག་བརྩེགས་བདུན་པའི་སྒྱུ་རྩལ་བར་ཁྱམས་ནང་བརྩམས་ཆོས་རབ་དང་རིམ་པའི་མི་སེམས་འགུལ་ལ་ལྟད་མོ་བ་ཚོ་སྣེ་ཁྲིད་དེ་རྒྱུན་གཏན་དང་མི་འདྲ་བའི་ཧི་མ་ལ་ཡ་ཞིག་འཚོལ་ཞིབ་གནང་ཡོད་པ་རེད། 
《སྐར་ཚོགས་ཀྱི་མཁའ་དབྱིངས》དང《སའི་གོ་ལ》ཞེས་པའི་བརྩམས་ཆོས།
འགྲེམ་སྟོན་གྱི་ཡུལ་དངོས། 
             ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི2019ལོའི་ཟླ4པའི་ཚེས19ཉིན་ནས་ཟླ5པའི་ཚེས5ཉིན་བར་ཁྲེང་ཏུའུIFSཡི་ཐོག་བརྩེགས་དང་པོའི་གནའ་ཤུལ་ཐང་ཆེན་དང་དེ་བཞིན་ཐོག་བརྩེགས་བདུན་པའི་སྒྱུ་རྩལ་བར་ཁྱམས་སུ་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེ་ཡོད་ཅིང་། བོད་ཀྱི་འབྲེལ་ཡོད་མི་སྣ་དང་འགྲེམས་སྟོན་ནང་ཞུགས་མཁན་སྒྱུ་རྩལ་མཁས་ཅན། དེ་བཞིན་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་སྐུ་མགྲོན་བཅས་ཁྲེང་ཏུའུ་རུ་འཛོམས་ནས་སྒྱུ་རྩལ་གྱི་དོན་ཆེན་དེར་ཐུན་མོང་ཐོག་བདེན་དཔང་པོ་གནང་པ་རེད།