ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཉིང་ཁྲི་ནགས་ཚལ་གྲོང་ཁྱེར་བསྐྲུན་པའི་ལམ་དུ་བསྐྱོད་པ།

སྤེལ་དུས 2019-05-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་ཀླུ་ནང་གྲོང་རྡལ་གྱི་ཞིང་སྡེའི་མཛེས་ལྗོངས་རེད།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་བསྐྲུན་རྒྱུ་ནི་རྙོག་འཛིང་ཆེ་བའི་ལས་གཞི་ཅིག་ཡིན་ཞིང་། དེ་དང་འབྲེལ་བའི་ནང་དོན་མང་ལ་ཚད་གཞི་མཐོ་བས། ཉིང་ཁྲིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་བསྐྲུན་རྒྱུའི་དམིགས་ཚད་བཏོན་པར་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་ཡོད། 2017ལོའི་ཟླ12པར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་བསྐྲུན་རྒྱུའི་ཡིག་ཐོག་སྙན་ཞུ་དངོས་སུ་ཕུལ་བ་རེད། རྒྱལ་ཁབ་ནགས་ལས་ཅུའུ་ཡིས2017ལོའི་ཟླ12ཚེས29ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་བསྐྲུན་རྒྱུའི་ཐོ་འགོད་སྙན་སེང་ཞུས་པ་དེས་ཉིང་ཁྲིའི“ནགས་ཚལ་གྲོང་ཁྱེར་བསྐྲུན་པའི”ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད། “ནགས་ཚལ་གྲོང་ཁྱེར་བསྐྲུན་པའི”ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ནགས་ལས་ཅུའུ་ཁུན་མིང་རྩད་ཞིབ་ཇུས་འགོད་ཁང་གི་འབྲེལ་ཡོད་ཆེད་མཁས་མི་སྣ་གདན་དྲངས་ནས་སྤྱི་ཁྱབ་སྒྲིག་སྲོལ་བཟོ་འགོད་ལས་དོན་སྤེལ་བ་རེད། 
          ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་བསྐྲུན་པའི་ལས་དོན་ཚོ་ཆུང་གིས2018ལོའི་ཟླ8ཚེས21ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་བསྐྲུན་པའི་སྐུལ་སློང་ཚོགས་ཆེན་དང་བརྙན་འཕྲིན་ཁ་པར་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི“ནགས་ཚལ་གྲོང་ཁྱེར་བསྐྲུན་པའི”ལས་དོན་དེ་གཙོ་བོ“འགོ་ཁྲིད་ཀྱིས་དངོས་སུ་དམ་འཛིན་བྱེད་པ་དང་། གཙོ་སྐྱོང་སྡེ་ཚན་གྱིས་དམ་འཛིན་ཞིབ་ཚགས་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་ངང་དམ་འཛིན་བྱེད་པ། གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་ཀྱིས་མཉམ་དུ་དམ་འཛིན་བྱེད་པ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་དེ། གོང་འོག་ལ་དམིགས་ཚད་ཡོད་པ་དང་། དམ་འཛིན་བྱ་གཞི་ཡོད་པ། དཔྱད་ཞིབ་ཡོད་པ། སྐུལ་ལྕག་ཡོད་པ་བཅས་བྱས་ནས་འཛུགས་སྐྲུན་ལས་དོན་ལ་ལོ་རེར་འཕེལ་རྒྱས་གསར་བ་བྱུང་ཡོད།། 
འདི་ནི་ལྗང་མདོག་གིས་བསྐོར་བའི་ཉིང་ཁྲི་གྲོང་ཁྱེར་རེད།
འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་སྡོང་འཛུགས་བྱེད་སྒོ་སྤེལ་བཞིན་བའི་ཚུལ་རེད།
རྩོམ་སྒྲིག་པ། སངས་སྐྱབས།