ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས།

སྤེལ་དུས 2019-05-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ།

ཚོགས་ཞུགས་མི་སྣའི་མཉམ་པར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་རྒྱའི་རིག་པའི་སློབ་གླིང་དང་། ཀྲུང་གོའི་སོག་རིགས་ལོ་རྒྱུས་རིག་ཚོགས། ལེའོ་ཉིང་ཞིང་ཆེན་ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཨུ་ཡོན་ལྷན་ཁང་། ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་ཀྱིས་གཙོ་སྒྲུབ་གནང་བའི་སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོར་འཚོགས་པ་དང་། བོད་ཀྱི་མཁས་དབང་དང་སོག་པོའི་མཁས་དབང་མང་པོ་ཚོགས་འདུར་ཕེབས་ནས་རིག་གཞུང་བགྲོ་གླེང་ལྷུག་པོར་གནང་། 
          ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་བྱས་པའི་མི་རིགས་ཡིག་ཚགས་ཁྱོན་8000ལྷག་ཡོད་ཅིང་། དེའི་ཁྲོད་དུ་བོད་ཡིག་5800ལྷག་དང་སོག་ཡིག་2000 དེ་མིན་ཆི་ཏན་གྱི་ཡི་གེ་དང་། མན་ཇུའི་ཡི་གེ ལེགས་སྦྱར་གྱི་ཡི་གེ་སོགས་ཡོད། ཁོང་གིས་སྔ་ཕྱིར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། མི་རིགས་ཕོ་བྲང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ནང་སོག་མི་རིགས་སློབ་ཆེན་གྱི་སོག་སྨན་སློབ་གླིང་། བོད་ལྗོངས་སློབ་ཆེན།      ཧྥུ་ཤིང་སོག་རིགས་རང་སྐྱོང་རྫོང་གི་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་མི་རིགས་ཆོས་ལུགས་ཕྱོགས་ཀྱི་རིག་དངོས་དང་ཡིག་ཚགས་2300ལྷག་ཞལ་འདེབས་ཕུལ་ཡོད་ཅིང་། ཁོང་གིས་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་བགྲོ་གླེང་བྱེད་པར་སྐུལ་འདེད་གཏོང་བའི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། ཁོང་ལ་མི་རིགས་རིག་གནས་ལ་དད་གུས་ཆེ་བའི་སྲུང་སྐྱོང་བ་ཞེས་པའི་མཚན་སྙན་གསོལ་ཡོད།

ཚོགས་ར་ཡུལ་དངོས།

འཇིག་མེད་བསམ་འགྲུབ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ཀུན་དགའ་དབྱང་ཕྱུག་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།