ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཆོས་དབྱངས་སྐྱིད་ཀྱིས་སླར་ཡང་རྒྱལ་སྤྱིའི་ཨང་དང་པོ་བླངས་འདུག

སྤེལ་དུས 2019-05-13 ཡོང་ཁུངས། ཨ་མདོ་སྨྱན་གསར། རྩོམ་པ་པོ།
          ཚེས11ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲན་སློང་འགྲན་སྡུར་དང་འཛམ་གླིང་རྒྱང་རྒྱུག་འགྲན་སྡུར་གྱི་སྤྱི་ལེ20ཡི་བདམས་ཐོན་འགྲན་སྡུར་ཅང་སུའུ་ཐའེ་ཚང་དུ་མགོ་ཚུགས་པ་རེད། ཉིན་དེའི་འགྲན་སྡུར་ཁྲོད་ད་ལྟ་འཛམ་གླིང་གི་ཨང་དང་པོ་ཡིན་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱངས་སྐྱིད་ཀྱིས་བུད་མེད་ཀྱི་སྤྱི་ལེ20ཡི་འགྲན་སྡུར་ཁྲོད་ཆུ་ཚོད1དང་སྐར་མ28སྐར་ཆ00གི་གྲུབ་འབྲས་སྤྱད་དེ་ཨང་དང་པོ་བླངས་པ་མ་ཟད། ཟླ9པར་ཏོ་ཧ་རུ་འཚོག་རྒྱུའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་རྒྱང་རྒྱུག་འགྲན་སྡུར་ནང་ཞུགས་རྒྱུའི་ཐོབ་ཐང་ཡང་བླངས་ཡོད་པ་རེད།

འགྲན་སྡུར་ཁྲོད་ཀྱི་ཆོས་དབྱངས་སྐྱིད།
          རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཁྲོད་ཀྲུང་གོ་དང་འཇར་པན། ཨོ་སི་ཁྲུ་ལི་ཡ། པར་ཙིལ་སོགས་རྒྱལ་ཁབ་དང་ས་ཁུལ13ནས་ཡོང་བའི་ལུས་རྩལ་པ245ཞུགས་ཡོད་ལ། ཐེངས་འདིའི་འགྲན་སྡུར་ནི་ཏོ་ཧ་འཛམ་གླིང་རྒྱང་རྒྱུག་འགྲན་སྡུར་གྱི་འདེམས་སྒྲུག་འགྲན་སྡུར་ཞིག་ཀྱང་རེད། དེར་བརྟེན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཁྲིན་ཏིན་དང་ལིས་ཡའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་གཉིས་པ་ཐོབ་མཁན་ཚའེ་ཙེ་ལིན། ལིས་ཡའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་ཐོབ་མཁན་ལུའི་ཞིའུ་ཀྲི། 2018ལོའི་ཐའེ་ཚང་རྒྱལ་སྤྱིའི་འགྲན་སྡུར་ཚོགས་པའི་འཛམ་གླིང་རྒྱང་རྒྱུག་འགྲན་སྡུར་གྱི་བུད་མེད་ཀྱི་སྤྱི་ལེ50ཡི་ཨང་དང་པོ་ཐོབ་མཁན་ལེང་རོས། སྤྱི་ལེ20ཡི་ཨང་གསུམ་པ་ཐོབ་མཁན་དབྱང་ཅ་ཡུས་སོགས་འགྲན་སྡུར་ཡུལ་དངོས་སུ་ཐོན་ཡོད་པ་རེད།
འགྲན་སྡུར་མཇུག་སྒྲིལ་རྗེས་ཆོས་དབྱངས་སྐྱིད་བྱ་དགའ་ལེན་སའི་སྟེགས་བུའི་ཐོག་སླེབས་པ།
          སྔ་དྲོའི་ཆུ་ཚོད9འི་སྟེང་། བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་སྡུར་མགོ་བརྩམས་པ་དང་། ཆོས་དབྱངས་སྐྱིད་ཀྱིས་བརྟན་བརླིང་སྒོས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགག་སྒོ་རེ་རེ་ལས་བརྒལ་མཐར་ཨང་དང་པོའི་གཡུར་ཟའི་གྲུབ་འབྲས་བླངས་པ་རེད། ཁོང་གི་རུ་ཁག་གི་ལུས་རྩལ་པའམ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོས་ཆུ་ཚོད1དང་སྐར་མ30སྐར་ཆ53གྱི་གྲུབ་འབྲས་སྤྱད་ནས་རྒྱལ་སྤྱིའི་འགྲན་སློང་འགྲན་སྡུར་གྱི་ཨང་ལྔ་པ་དང་རྒྱལ་ནང་གི་འདེམས་སྒྲུག་འགྲན་སྡུར་གྱི་ཨང་བརྒྱད་པ་བླངས་པ་རེད།
          དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོ་དང་མ་ཧྥ་དབྱིན་གྱིས་ཐེངས་འདིའི་འགྲན་སྡུར་ཁྲོད་གྲུབ་འབྲས་ཕུལ་བྱུང་བླངས་པས་ཏོ་ཧ་འཛམ་གླིང་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུའི་ཐོབ་ཐང་བླངས་པ་དང་མཱ་ཡུས་ཀོས་ཀྱང་བུད་མེད་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུའི་ཐོབ་ཐང་བླངས་ཡོད་པ་རེད། ཟླ4རྗེས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་རྒྱང་རྒྱུག་འགྲན་སྡུར་ཁྲོད་སྐྱེ་ཁུངས་མཚོ་སྔོན་གྱི་ཡིན་པའི་ལུས་རྩལ་པ4ཡིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་རྒྱལ་སྤྱིའིAརིགས་ཀྱི་འགྲན་སྡུར་ནང་ཞུགས་པ་ཆེས་མང་བའི་ཟིན་ཐོ་བསྐྲུན་རྒྱུ་རེད།
ལུས་རྩལ་པ་དང་རྩལ་ཁྲིད་པའི་མཉམ་པར།
རྩོམ་སྒྲིག་པ། རྡོ་རྗེ།