ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

སྤེལ་དུས 2019-05-14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་དེ་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་བསྡུས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། བརྩམས་ཆོས་བདག་དབང་ནི་ཤེས་བྱའི་ཐོན་དབང་གི་ཁྱབ་ཁོངས་ཁྲོད་ཀྱི་གདུང་འདེགས་རང་བཞིན་གྱི་བཅའ་ཁྲིམས་ཡིན། བསམ་པའི་རིག་གནས་ཐོན་རྫས་གསར་སྐྲུན་དང་བརྒྱུད་སྒྲོག་ལ་སྐུལ་འདེད་བཏང་ནས། མི་རིགས་ཧྲིལ་བོའི་ཚན་རིག་རིག་གནས་གསོ་སྦྱོང་མཐོར་འདེགས་སུ་གཏོང་པ་དང་། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་གཙིགས་སུ་འཛིན་དགོས། 
            ཐེངས་འདིའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ནི་བརྩམས་ཆོས་བདག་དབང་གི་བཟོ་བཅོས་གཏན་འབེབ་བྱེད་པ་བརྗོད་གཞི་བྱས་ནས། མི་དམངས་སྲིད་གྲོས་ཁྲིམས་འཛུགས་གྲོས་མཐུན་ལ་ཞུགས་པ་དང་། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་པའི་གོ་རིམ་ཁྲོད་ཞུགས་ནས། བཅའ་ཁྲིམས་ཁྱབ་རྡལ་གྱི་སློབ་གསོ་ཧུར་ཐག་གིས་སྤེལ་ཏེ། ཁྲིམས་བསྟར་བསམ་བློའི་རྨང་གཞི་དང་སྤྱི་ཚོགས་ཁོར་ཡུག་གི་རྨང་གཞི་འདིང་བའི་གོ་རིམ་ཁྲོད་དུ་བློ་འདོན་ཇུས་འབུལ་དང་གཅིག་བསྡུས་ངོས་ཟིན་གཅིག་གྱུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་རྒྱས་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་པར་དབང་སྲུང་སྐྱོབ་ཀྱི་བཀོལ་སྤྱོད་འབྲེལ་བ་ལེགས་སྒྲིག་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་པར་དབང་ལམ་ལུགས་འཛུགས་དགོས་ཟེར།
            ཨུ་ཡོན་བཅུ་གཉིས་དང་མཁས་པ་རྣམས་ཀྱིས་བརྩམས་ཆོས་བདག་དབང་བཅའ་ཁྲིམས་བཟོ་བཅོས་དང་གཏན་འབེབ་ངོས་ནས་དམིགས་འབེན་གཏན་འཁེལ་དང་རིན་ཐང་ཁ་ཕྱོགས། ལམ་ལུགས་ལེགས་སྒྱུར་བཅས་ཀྱི་ཐད་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་དང་དྲུག་བཅུས་རྒྱལ་ཡོངས་སྲིད་གྲོས་འགན་ནུས་བརྗེ་སྤོར་སྟེགས་བུ་བརྒྱུད་ནས་གཏམ་བརྗོད་སྤེལ། ཚང་མས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཕེལ་རྒྱས་མངོན་གསལ་བྱུང་ནས། ཅུང་ཆ་ཚང་དང་རྒྱལ་སྤྱིའི་རྩ་དོན་དང་འཚམ་པའི་བརྩམས་ཆོས་བདག་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་མ་ལག་ཆགས་ཡོད་པ་དང་། བརྩམས་ཆོས་གསར་སྐྲུན་དང་བརྒྱུད་སྒྲོག་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་རིག་གནས་དང་ཚན་རིག་ལས་དོན་གྱི་འཕེལ་རྒྱས་ཐད་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱས། དུས་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་དང་ཚན་རིག་ལག་རྩལ་གྱི་མགྱོགས་མྱུར་འཕེལ་རྒྱས། མཉམ་འབྲེལ་དྲ་རྒྱའི་སྤྱོད་ཤུགས་ཆེ་བ་བཅས་ཀྱི་རླབས་རྒྱུན་དང་བསྡོངས་ནས། ད་ལྟ་ལག་བསྟར་བྱེད་པའི་བརྩམས་ཆོས་བདག་དབང་ལམ་ལུགས་ཀྱང་གནས་བབ་གསར་བ་དང་གནད་དོན་གསར་བ་མང་པོ་ལ་འཕྲད་ཡོད་པས། ངེས་པར་དུ་བཟོ་བཅོས་དང་གཏན་འབེབ་བྱེད་དགོས་ཟེར།
            ཝང་ཡུང་ཆིན་གྱིས་ཚོགས་ཐོག་ཏུ་གླེང་གཞིའི་གཏམ་བརྗོད་སྤེལ།
རྩོམ་སྒྲིག་པ། སངས་སྐྱབས།