ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཀེ་རི་སིའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-05-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ། བསྟན་འཛིན་འཇམ་དཔལ།
            སྤྱི་ཚེས་༡༤ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སི་དང་གྲོས་མོལ་གནང་ཡོད།
            ཞི་ཅིན་ཕིང་གིས། ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་མ་ཟད་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་ལ་ཞུགས་པར་ཕེབས་པར་དགའ་བསུ་ཞུས་གནང་ཡོད། ཀེ་རི་སི་ནི་ཡོ་རོབ་ཀྱི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྐུ་ཉིད་ཕེབས་པ་དེས་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། འཛམ་གླིང་གི་ཤེས་དཔལ་མི་འདྲ་བ་སྤེལ་རེས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ནི་དྲང་སྲུང་གསར་སྐྲུན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། ཀྲུང་ཧྭ་ཡི་ཤེས་དཔལ་གྱི་ལོ་རྒྱུས་ད་བར་རྒྱུན་ཆད་མྱོང་མེད་པ་དང་། གཞན་ཕུད་རང་བཞིན་གཏན་ནས་མེད་པར་ཁོང་ཡངས་མཉམ་གསོག་ཁྲོད་རྒྱ་སྐྱེད་གོང་འཕེལ་ཕྱིན་ཡོད། གནའ་བོའི་དར་གོས་ལམ་བུའི་སྤེལ་རེས་བརྒྱུད། གནའ་བོའི་ཀེ་རི་སིའི་ཤེས་དཔལ་དང་། གནའ་བོའི་རོ་མའི་ཤེས་དཔལ། ས་དབུས་རྒྱ་མཚོའི་ཤེས་དཔལ། དེ་བཞིན་སངས་རྒྱས་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་སྔ་རྗེས་སུ་ཀྲུང་གོར་དར་ནས་ཀྲུང་ཧྭ་ཡི་ཤེས་དཔལ་དང་མཉམ་འདྲེས་མཉམ་གནས་ཐུབ་པ་དང་། རང་ས་ཅན་ལ་གྱུར་ཡོད་ཅིང་། ཤེས་དཔལ་བར་གདོང་ཐུག་དང་ཆོས་ལུགས་ཀྱི་དམག་འཁྲུག་རྩ་བ་ནས་བྱུང་མྱོང་མེད། ཀྲུང་ཧྭ་མི་རིགས་ལ་ཕྱི་ཕྱོགས་སུ་བཙན་འཛུལ་བྱེད་པའི་སྲོལ་རྒྱུན་མེད། ལོ་ངོ་དྲུག་བརྒྱའི་གོང་ནུབ་རྒྱ་མཚོ་སྐྱོད་སྐབས་སྣེ་ཁྲིད་པ་ནི་སྐབས་དེའི་འཛམ་གླིང་ཐོག་གི་གྲུ་གཟིངས་རུ་ཁག་ཆེ་ཤོས་དེ་ཡིན་ཞིང་། གྲུ་གཟིངས་ནང་དབོར་བ་ནི་དར་གོས་དང་ཇ། རྫ་ཆས་བཅས་ཡིན་པ་ལས་དམག་འཁྲུག་མིན་ལ་ལམ་རྒྱུད་དུ་ས་ཆ་ཚུན་གང་ཡང་བདག་བཟུང་བྱས་མེད་ཅེས་གསུངས་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་བ་ནི་སྔར་ནས་བཟུང་རྒྱལ་ཁབ་ཀྱི་བརྩེ་དུང་ཡོད་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཨང་དང་པོར་འཇོག་པ་དང་། རྒྱལ་ཁབ་མེད་ན་ཁྱིམ་ཚང་མེད་པ་དང་། རྒྱལ་ཁབ་གཅིག་གྱུར་སྟོབས་ཆེན་མེད་ན་ཁྱིམ་ཚང་གི་བདེ་སྐྱིད་དང་མི་སྒེར་གྱི་བདེ་སྐྱིད་ཡོད་མི་སྲིད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་། མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་དད་སེམས་ཚད་མཐོའི་གཅིག་གྱུར་ཡིན་པ། ཆོད་སེམས་རྡོ་བར་རིས་བཞིན་བརྟན་པོ་ཡོད། ཀྲུང་གོས་ད་ལྟ་སྐྱོད་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ནི་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭ་ཡི་ཤེས་དཔལ་དང་ཁ་བྲལ་ཐབས་མེད་ལ། ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་མང་པོ་ཁྱད་བསད་དང་འབད་འཐབ་འཚོལ་ཞིབ་བྱས་པ་ཞིག་ཀྱང་ཡིན། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་དུ་སྦྲེལ་བའི་ཐོན་དངོས་ཤིག་ཡིན་པ་དང་། དེ་ནི་ལྡོག་མེད་ཀྱི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡིན། དཀའ་ཉེན་ག་ཚོད་འཕྲད་རུང་ང་ཚོས་འགྲོ་ལམ་དེའི་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། ཀྲུང་གོའི་གོང་འཕེལ་ནི་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་གྱི་ལེགས་སྐྱེས་གལ་ཆེན་ཞིག་ཡིན། དེང་གི་འཛམ་གླིང་ནི་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ས་གོ་ལ་གཅིག་གི་སྟེང་འཚོ་བ་སྐྱེལ་བཞིན་ཡོད་པས། དར་ན་མཉམ་དར་དང་། རྒུད་ན་མཉམ་རྒུད། སྐྱིད་སྡུག་མཉམ་མྱོང་བཅས་ཡིན། ང་རང་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་གྲོས་འགོ་བཏོན་པ་ནི་ཤེས་དཔལ་མི་འདྲ་བའི་བར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་རྒྱལ་ཁབ་ཁག་བར་གྱི་གཉིས་ཕམ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་ཏུ་བདེ་འཇགས། ཐུན་མོང་གོང་འཕེལ། སྒོ་དབྱེ་ཁོག་ཡངས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་ཆེད་ཡིན་ཞེས་ནན་གསུངས་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཀེ་རི་སི་གཉིས་ཀ་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པས་ཕན་ཚུན་བར་བློ་ཐག་ཉེ་པོ་ཡོད། ཀེ་རི་སི་ནི་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་། རོགས་པ་ཡག་པོ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ནས་ཀེ་རི་སིའི་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ལག་གདང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
            ཕ་ཧྥུ་ལོ་ཕུ་ལོ་སིས། ཀྲུང་གོས་ཨེ་ཤ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་འཚོགས་པ་དེས། འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན། ཀེ་རི་སིའི་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བས། གཟི་བརྗིད་ཀྱི་ཚོར་སྣང་ཆེན་པོ་བྱུང་། མིག་སྔའི་ཆར། རྒྱལ་སྤྱིའི་ཐོག་མི་ཁ་ཤས་ཀྱིས་ཤེས་དཔལ་གདོང་ཐུག་སྨྲ་བ་ཞེས་པ་འུད་སྒྲོག་བྱེད་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། དོན་དངོས་ཐོག དོན་ངོ་མའི་ཤེས་དཔལ་དབར་གདོང་ཐུག་དང་ཁ་གཏད་དུ་ལངས་མི་རུང་ལ་ལངས་ཀྱང་མི་སྲིད། ཤེས་དཔལ་མི་འདྲ་བའི་བར་ཧེ་བག་ལྡན་ཡོད་པས། ཕན་ཚུན་བརྩི་འཇོག་བྱེད་དགོས། སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་པ་བརྒྱུད་ནས། ཕན་ཚུན་དཔྱད་གཞིར་འཛིན་པ་དང་། དགེ་སྤེལ་སྐྱོན་སེལ་བྱེད་དགོས། དེ་ནི་འཛམ་གླིང་ཡུན་རིང་བདེ་འཁོད་དང་འགྲོ་བ་མིའི་རིགས་ཞི་མཐུན་མཉམ་གནས་ཀྱི་འགྲོ་ལམ་ཞིག་རེད། དེའི་ཐད། ཀེ་རི་སི་དང་ཀྲུང་གོའི་འདུ་ཤེས་ནི་ཕན་ཚུན་འབྲེལ་མཐུད་ཐུབ་པ་ཞིག་ཡིན། ཞི་ཅིན་ཕིང་གིས་བཏོན་གནང་བའི་འཛམ་གླིང་ཤེས་དཔལ་དགོངས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་འདུ་ཤེས་བཅས་ལ་ཀེ་རི་སིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཐོག་ཁ་དན་ཚིག་གནས་བྱེད་པ་དེའི་ཐོག་ནས། གནའ་བོའི་ཀྲུང་གོའི་ཤེས་དཔལ་གྱི་བློ་གྲོས་དང་ཀྲུང་གོ་དེ་ཉིད་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་པ་ཞིག་ཡིན། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ཀེ་རི་སིའི་མི་དམངས་ནས་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་བཏོན་པའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས། མི་འབོར་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པ་ནི་ཧང་སངས་དགོས་པ་ཞིག་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོ་བ་བྱུང་ཡོད་ལ། འཛམ་གླིང་ལའང་ཕན་བདེ་བསྐྲུན་ཡོད། ཀེ་རི་སིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་གོའི་དབར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་མ་ཟད། ཡོ་རབ་དང་ཀྲུང་གོའི་འབྲེལ་བ་དང་དེ་བཞིན་ཡོ་རབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད།
            གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཕ་ཧྥུ་ལོ་ཕུ་ལོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།