ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་གྱི་སྟོང་སྡེའི་བོད་གྲོང་སྤུས་ལེགས་ལ་གཟུགས་རྟེན་མཛོད་ཁང་གིས་ཁམས་པའི་འདས་ཟིན་པའི་འཚོ་བ་བསྐྱར་གསོ་བྱས་པ།

སྤེལ་དུས 2019-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ལ་གཟུགས་འགྲེམས་སྟོན་གནང་པ།
            སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཐོ་གྲོང་གྲོང་བརྡལ་གྱི“ལི་ཐང་གནའ་གྲོང་སྟོང་སྡེའི་བོད་གྲོང”གི4Aམཛེས་ལྗོངས་ཁུལ་དུ་ཉར་ཚགས་ཡག་པོ་གནང་པའི་གནའ་བོའི་ཁང་ཁྱིམ་ཞིག་ཏུ་བོད་ཁུལ་གྱི་ཟིན་འགོད་ཆ་ཚང་གནང་ཞིང་ཁམས་པའི་འཚོ་བའི་རྣམ་པ་ཡོངས་སུ་མངོན་པའི་ལ་གཟུགས་རྟེན་མཛོད་ཁང་ཞིག་བཙུགས་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན།གཞི་ཁྱོན་སྨི་གྲུ་བཞི་མ200ལྷག་ཙམ་ཟིན་པའི་ལི་ཐང་ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་ནི་ད་རག་བར་ལོ400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་སྡོད་ཁང་ཞིག་ཏུ་བསྐྲུན་ཡོད་པ་དང་།དེ་གའི་སོ་ཕག་དང་རྡོ་བ་གཅིག་གི་སྟེང་དུའང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ཁམས་པའི་རིག་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད་ཅིང་། དེ་ནི་མ་གཞིར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་དམངས་སྲོལ་འགྲེམས་སྟོན་ཁང་ཞིག་ཡིན་པ་དང་། སྔོན་རབས་པ་ཚོས་གནའ་བོའི་སྡོད་ཁང་དེ་སྲུང་སྐྱོབ་ཧུར་ཐག་བྱས་པ་མ་ཟད།དེའི་ནང་དོམ་ལག་གིས་བརྒྱན་པའི་རྟ་སྒ་སོགས་རྩ་ཆེའི་རིག་དངོས་མང་པོ་ཉར་ཚགས་བྱས་ཡོད་པ་རེད། ལི་ཐང་བའི་ངོས་ནས་བརྗོད་ན།དེ་གར་དམིགས་བསལ་གྱི་དྲན་ཤེས་དང་མེས་པོའི་གཟི་བརྗིད་ཀྱིས་ཁེངས་ཡོད་ཅིང་།ཁོང་ཚོས་རང་ཉིད་ཀྱི་གནའ་བོའི་རིག་གནས་ལ་རེ་སྙེགས་དང་བརྩི་མཐོང་བྱེད་པ་མཚོན་ཡོད་ལ།ཁམས་པའི་བོད་པའི་གཟུགས་བྱད་དང་བོད་རིགས་ཀྱི་གནའ་བོའི་འཚོ་བ་རོལ་སྟངས་བཅས་ལ་གཟུགས་རྣམ་པའི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་སྤྱན་ལམ་དུ་མངོན་པར་བཀྲམས་ཡོད་པ་རེད། 
            2019ལོའི་ཟླ་3ཚེས་21ཉིན་ལི་ཐང་རྫོང་གིས་གནའ་བོའི་སྡོད་ཁང་དེ་སྐྲུན་འགོ་ཚུགས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་གཞིས་སྡོད་ཇུས་འགོད་པ་དང་ས་གནས་དེ་གའི་རྒན་རྒོན་དང་ཆེད་མཁས་པ་གདན་དྲངས་ཏེ་བཟོ་དབྱིབས་བློ་འདྲི་བར་བསྐོས་ཤིང་། ཁམས་པའི་བོད་པའི་གཟུགས་བྱད་ཁྱད་ཆོས་ལ་གཞིགས་ནས་ལ་གཟུགས21བཟོས་ཏེ་ལི་ཐང་གི་ས་གནས་དེ་གའི་མང་ཚོགས་སྐུལ་སློང་བྱས་ནས་ལུག་པགས་དང་སྣམ་བུ།  གསེར་ཞྭ་སོགས་དུས་རབས་རྙིང་པའི་གྱོན་གོས་དང་འཚོ་བའི་མཁོ་ཆས་བསྡུ་རུབ་བྱས་ཐོག་ཁམས་པའི་མེས་པོ་རྣམས་ཀྱིས་སྣང་བརྙན་དང་འཚོ་བའི་རྣམ་པ་བསྐྱར་གསོ་གནང་ཡོད་པ་རེད།
            ལི་ཐང་ཁམས་པའི་ཡུལ་དེ་གའི་ཡུལ་མིའི་གཟུགས་བྱད་ལྟར་བཟོ་སྐྲུན་ཞིབ་ཚགས་གནང་པའི་ལ་གཟུགས21ནི་ཧྲན་ཏུང་དུ་ཞིབ་ཚགས་ངང་བཟོས་པ་དང་། དར་ཆ་དང་མཐོང་ཚོར་ནི་པེ་ཅིང་ནས་ཡོང་བའི་ཇུས་འགོད་པའི་ཚོགས་པས་དངོས་སུ་ཚོད་འཛིན་གནང་པ་དང་། དེ་དག་ནི་གསལ་བཤད་ཡོད་ཚད་ནི་ལྷ་ས་དང་ཧྲང་ཧའེ་ནས་ཡོང་བའི་ཆེད་ལས་ལོ་ཙཱ་བ་དག་གིས་བོད་ཡིག་དང་དབྱིན་ཡིག་ཏུ་ལོ་ཙཱ་གནང་ཡོད་པ་རེད། ལི་ཐང་གི་ཤང་གྲོང་ཡོངས་ཀྱི་ཅ་ལག་རྙིང་པ་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་ནི་ཆེ་ས་ནས་ཤིང་རིགས་ལས་གྲུབ་པའི་འབྲུ་སྒྲོམ་དང་རྩ་ཆེའི་བོད་ལུགས་གསོ་རིག་གི་ཡོ་བྱད་ཆ་ཚང་འདུས་ཡོད་པ་དང་།ཆུང་ས་ནས་ཤིང་སྒྲོམ་ཆུང་ཆུང་ཞིག་དང་ལུག་པགས་གང་རུང་ཞིག་ལ་ཁྱབ་ཡོད་པ་མ་ཟད། རྒྱན་གོས་ནས་མཛེས་རྒྱན་སྤྲས་པ་ཡོད་ཚད་ལ་ལི་ཐང་གི་རྒན་རབས་པ་ཚོས་མཛུབ་སྟོན་གནང་ཡོད་པ་རེད། ས་ཐབ་ཅིག་བཟོ་སྐྲུན་བྱེད་པར་ཡང་ངེས་པར་དུ་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་རི་སྟེང་དུ་ས་ལེན་པ་དང་ས་འཁུར་དགོས་ཤིང་། ལོ་རྒྱུས་བཞུར་རྒྱུན་ཁྲོད་རྙིང་པར་ཆགས་པའི་མཐིལ་ཤིང་ཡང་ངེས་པར་དུ་སྲོལ་རྒྱུན་གྱི་ཁམས་པའི་བཟོ་རྩལ་ལྟར་ཤིང་ལག་རྙིང་པས་བསྐྱར་དུ་འདེགས་སྐྱོར་གནང་ཡོད་པ་རེད། 
            དུས་ཡུན་ཟླ་གཅིག་ལྷག་ཙམ་རིང་།  འོ་མ་འཇོ་བ་དང་ཇ་སྲུབས་མ། ཇ་རྟའི་གནའ་ལམ། ཚོང་པས་རྒྱ་མ་འཇལ་བ། །ཁམས་པའི་ཚོང་པའི་ཕུ་ཐུང་ནང་གི་ཉོ་ཚོང་།མགྲོན་པོས་ཇ་བསྲུབས་མ་འཐུང་བའི་རྣམ་པ། གཞས་དཀྲོལ་པ། ཁྱིམ་བདག་གི་སྡོད་ཁང་། བོད་ལུགས་ཐབ་ཚང་། གཉེན་སྒྲིག  མཛོད་ཁང་།  བལ་བསླས་པ། བོད་ཡིག་ཡིག་གཟུགས།   ལི་ཐང་གི་སྲོལ་རྒྱུན་འཛུགས་སྐྲུན་སོགས་ལ་གཟུགས་འཇིམ་བརྙན་གྱིས་ཁམས་པའི་འདས་ཟིན་པའི་འཚོ་བ་གསོན་ཉམས་དོད་པོས་སྒོ་ནས་སླར་གསོ་མངོན་པར་མཚོན་ཡོད་པ་རེད། 
            གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་པར་གཞིགས་ན།ལས་སྒྲུབ་མི་སྣས་སྔོན་མའི་འཚོ་བའི་རྣམ་པ་སླར་གསོ་བྱེད་སྐབས། རང་ཉིད་ཀྱིས་དངོས་སུ་ལ་གཟུགས་ཀྱི་སྐྲ་ལོ་བསླས་ཡོད་པ་དང་། ལི་ཐང་གི་རྣམ་པ་ལྡན་པའི་ས་ཐབ་སླར་གསོ་བྱ་ཆེད་ཁོ་ཚོས་ད་དུང་གྲོང་གསེབ་ཏུ་ས་ཁུར་ཡོང་ནས་རྒན་རབས་ཚོ་དང་མཉམ་དུ་ས་ཐབ་བཟོ་སྟངས་སློབ་སྦྱོང་གནང་ཡོད་པ་དང་། ས་ཐབ་གཅིག་པུ་སྔ་རྗེས་སུ་ཐེངས་གསུམ་བཤིག་དགོས་མོད། རྒན་ཨ་བུ་ལགས་ཀྱི་རོགས་རམ་འོག་ད་གཟོད་གཞི་ནས་ལེགས་འགྲུབ་བྱུང་པ་རེད། 
            “བོད་ཀྱི་ལ་གཟུགས་ནི་བོད་དུ་ཚབ་མཚོན་བརྩམས་ཆོས་ཐོག་མ་ཆགས་ཡོད་ཅིང་།བོད་ཀྱི་སྔོན་ཆད་ཀྱི་ཐོན་སྐྱེད་འཚོ་བ་ནི་ལ་གཟུགས་ཀྱི་རྣམ་པའི་སྟེང་འགྲེམས་སྟོན་བྱས་པ་དང་འབྲེལ་རྟེན་རྫས་བཤམས་མཛོད་ཁང་ཞིག་བསྐྲུན་པ་ནི་ལི་ཐང་རྫོང་ནི་སི་ཁྲོན་བོད་ཁུལ་གྱི་ཐོག་མར་ཆགས་ཡོད་པ་རེད”ཅེས་ལི་ཐང་རྫོང་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཏུའུ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རགས་རྩིས་བྱས་པར་གཞིགས་ན།ཟླ4པའི་ཚེས20ཉིན་སྒོ་ཕྱེ་ཚུན་ལ། ཉིན་རེར་མི་གྲངས400ཙམ་གཟིགས་མོར་ཕེབས་ཡོད་འདུག 
    འབྲེལ་ཡོད་འབྲེལ་མཐུད།
            ཁམས་པ་ནི་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་སོགས་འཕྲེད་བཅད་རི་རྒྱུད་དང་གཙང་གསུམ་མཉམ་བཞུར་གྱི་ས་ཁོངས་སུ་འཚོ་བ་སྐྱེལ་མཁན་བོད་རིགས་ལ་གོ་ཞིང་། ཁམས་པའི་ཕོ་རྒོད་ཀྱི་ཁྱད་ཆོས་གཙོ་བོ་ནི་མགོ་ལ་དར་སྐུད་དམར་པོའམ་ནག་པོ་ཆེན་པོ་ཞིག་དཀྲིས་ཡོད་པ་དང་གཟུགས་སྟོབས་ཆེ་ལ་སྒེག་ཉམས་ལྡན་པ།སྐྲ་ལོ་རིང་པོ་ནི་སེང་གེའི་རྔོག་མ་དང་འདྲ་བ་ཞིག་སྟེ།ཁོང་ཚོ་ནི་བོད་ཁུལ་ཡོངས་སུ་སྐད་གྲགས་ཆོད་པའི་ཚོང་པ་དང་སྒྱུ་རྩལ་པ་བཅས་སུ་སྣང་། 
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་པའི་ལ་གཟུགས།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་།
ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་།