ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་ཁྱིམ་བདག་མ20ཡིས་སྒོ་འགྲམ་དུ་མ་བྱན་གྱི་ལག་རྩལ་སྦྱངས།

སྤེལ་དུས 2019-05-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀྲུང་གོའི་བོད་ལྗོངས་དྲ་བ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འདི་ནི་ངས་ད་ལྟ་རང་བརྔོས་པའི་ཚལ་ཡིན། ཚང་མས་བྲོ་བ་ཞིག་མྱོང་རོགས”ཞེས་ཨ་ཅག་ཕུར་སྒྲོན་གྱིས་བརྔོས་མ་ཐག་པའི་སོ་ལོ་སྔོན་པོ་ཤ་སིལ་ཅན་གྱི་ཚལ་འཁྱེར་ཡོང་ནས་ཚང་མར་བྲོ་བ་མྱངས་སུ་བཅུག ཟླ5པའི་ཚེས22ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་།ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མུ་རུ་སྡེ་ཁུལ་དང་། བོད་ལྗོངས་གངས་ཅན་གསོལ་མགྲོན་ཁང་གིས་སྒྲུབ་འགན་འཁུར་བའི་བོད་ཟས་དང་དེ་བཞིན་སི་ཁྲོན་ཚལ་རིགས། ཨ་ཅག་ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་དེ་བོད་ལྗོངས་གངས་ཅན་གསོལ་མགྲོན་ཁང་དུ་སྤེལ་བཞིན་ཡོད་པ་རེད། མུ་རུ་སྡེ་ཁུལ་ནས་ཡོང་བའི་ཁྱིམ་བདག་མ20ཡིས་ཆེད་ལས་བོད་ཟས་དང་སི་ཁྲོན་ཚལ་རིགས་གཡོས་སྦྱོར་གྱི་མ་བྱན་དགེ་རྒན་གྱི་མཛུབ་ཁྲིད་འོག་མ་བྱན་གྱི་ལག་རྩལ་ལ་སློབ་སྦྱོང་བྱས་པ་རེད།

འདི་ནི་གསོ་སྦྱོང་ལ་ཞུགས་པའི་ཨ་ཅག་གིས་བརྔོས་མ་ཐག་གི་ཚལ་འཁྱེར་ཡོང་ནས་ཚང་མར་བྲོ་བ་མྱངས་སུ་འཇུག་པའི་རྣམ་པ་རེད།
འདི་ནི་གསོ་སྦྱོང་ལ་ཞུགས་པའི་ཨ་ཅག་རྣམས་ཀྱིས་སྔོ་ཚལ་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།
          དྲི་ཞིམ་ལོ་མ་སོགས་ཀྱི་བྲོ་རྫས་ལ་རྒྱུས་ལོན་བྱེད་པ་དང་། ཤ་ལེབ་གཏུབ་སྟངས་དང་བྲོ་བ་བཟོ་སྟངས་སོགས་ཤེས་རྟོགས་བྱུང་སྟེ་སོ་ལོ་སྔོན་པོ་ཤ་སིལ་ཅན་དང་སྒ་སེར་ཞོག་ཁོག་ཇི་ལྟར་བཟོ་བར་སློབ་སྦྱོང་བྱས་ཤིང་། ཆེད་ལས་མ་བྱན་དགེ་རྒན་ཚོའི་མཛུབ་སྟོན་འོག ཨ་ཅག་ཕུར་སྒྲོན་གྱིས་ཅང་མ་འགོར་བར་རང་ཉིད་ཀྱི་སློབ་སྦྱོང་གི་གྲུབ་འབྲས་ཏེ། སོ་ལོ་སྔོན་པོ་ཤ་སིལ་ཅན་སྡེར་མ་གང་འཁྱེར་ཡོང་ཞིང་། མི་ཚོགས་ཀྱིས་བྲོ་བ་མྱངས་རྗེས་ཁོ་མོས་རང་ཉིད་ཀྱི་གྲུབ་འབྲས་ཐུམ་སྒྲིལ་སྒམ་ནང་དུ་བླུགས་ཏེ་སྔ་དྲོའི་གསོ་སྦྱོང་མཇུག་སྒྲིལ་རྗེས་ཁྱིམ་དུ་འཁྱེར་ནས་ནང་མིར་བྲོ་བ་མྱངས་སུ་འཇུག་རྩིས་ཡོད།
          བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཁྲང་ཐིང་གིས་ད་ཐེངས་ཀྱི་ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི་གསོ་སྦྱོང་བྱས་པ་བརྒྱུད་བུད་མེད་ཀྱི་འཚོ་བའི་ནུས་རྩལ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་པ་དང་། དུས་མཚུངས་སུ་ལས་གཏོད་ཀྱི་འདུན་པ་ཡོད་པའི་བུད་མེད་ཚོར་ཟ་ཁང་ཆུང་གྲས་གཉེར་བའི་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་དང་། ཚང་མས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་བཟུང་ལ་བརྟེན་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་མི་ཚེ་གསར་གཏོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་མཚམས་སྦྱོར་གནང་།
འདི་ནི་ཆེད་ལས་མ་བྱན་དགེ་རྒན་གྱིས་ཨ་ཅག་རྣམས་ལ་ཡུལ་དངོས་སུ་ཚལ་བརྔོ་བར་མཛུབ་སྟོན་བྱེད་པའི་རྣམ་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། དེའི་རྗེས་ཀྱི་ཉིན་གསུམ་ནང་གསོ་སྦྱོང་ནང་ཞུགས་པའི་ཨ་ཅག་ཚོས་ས་གནས་ས་ཐོག་གི་ཁྲིད་སྦྱོང་དང་བརྒྱུད་རིམ་ཧྲིལ་པོའི་དངོས་སྦྱོང་གི་རྣམ་པ་བརྒྱུད་དེ་སི་ཁྲོན་གྱི་ཚལ་རིགས་ལྔ་དང་བོད་ཟས་སྣ་ཁ11གི་བཟོ་སྟངས་ལ་སློབ་སྦྱོང་བྱས་ཤིང་།  དེ་དང་ཆབས་ཅིག་ད་དུང་རྒྱུན་ལྡན་གྱི་སྔོ་ཚལ་དང་ཤིང་ཏོག་གི་རིགས་འདེམས་སྒྲུག འཁྲུ་སྟངས་དང་གཏུབ་སྟངས། བཙོག་སེལ་སྨན་རྫས་རིགས་གཙང་སེལ་བྱེད་པ། ལུགས་མཐུན་གྱི་བཟའ་བཅའ་དང་དཀར་ཟས་དམར་ཟས་ཀྱི་རིགས་སྡེབ་སྒྲིག་གི་ལག་རྩལ་སོགས་ལ་རྒྱུས་ལོན་བྱས་པ་རེད།