ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“གཡུལ་འགྱེད་ཆེན་པོ་གསུམ”གྱིས་གངས་ལྗོངས་ས་མཐོའི་ནམ་མཁའ་སྔར་བས་སྔོ་ཞིང་ཆུ་བོ་སྔར་བས་དྭངས་པར་བྱས།

སྤེལ་དུས 2019-06-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར་གནམ་སྔོན་སྲུང་སྐྱོང་གི་གཡུལ་འགྱེད་ལེགས་པོ་བྱེད་པ་དང་། ཆུ་ལི་མ་སྲུང་སྐྱོང་གི་གཡུལ་འགྱེད་ལེགས་པོ་བྱེད་པ། དག་ཞིང་སྲུང་སྐྱོང་གི་གཡུལ་འགྱེད་ལེགས་པོ་བྱེད་པ་བཅས་“གཡུལ་འགྱེད་ཆེན་པོ་གསུམ་”བྱས་པ་དེས་ནམ་མཁའ་སྔར་བས་སྔོ་ཞིང་ཆུ་བོ་སྔར་བས་དྭངས་པར་བྱས། འདི་དག་གིས་གངས་ལྗོངས་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཆེས་ལེགས་པའི་ས་ཁུལ་གྱི་གྲས་སུ་གནས་པ་རེད།  
           བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་《གནམ་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་》དོན་འཁྱོལ་ནན་མོ་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ཚད་གཞི་དྲུག་པའི་འཁོར་སྤྱོད་རླངས་སྣུམ་དང་འཁོར་སྤྱོད་ཁྲེ་སྣུམ་མཁོ་སྤྲོད་བྱས་པ་དང་།  ས་ཁྱོན་སྨི་གྲུ་བཞི་300ཡན་གྱི་བཟའ་བཏུང་ཁེ་ལས་464ཡི་སྣུམ་དུད་གཙང་བཟོའི་སྒྲིག་ཆས་ཡོངས་ཁྱབ་ཏུ་སྤྱོད་པ་མངོན་འགྱུར་བྱུང་ཡོད། 2018ལོར་བོད་ལྗོངས་ཡོངས་ཀྱི་མཁའ་རླུང་ལེགས་པོའི་ཉིན་གྲངས་ཀྱི་སྡུར་ཚད་98.8%ཟིན་པ་དང་། ཇོ་མོ་གླང་མའི་ས་ཁོངས་ཀྱི་མཁའ་རླུང་སྤུས་ཚད་མུ་མཐུད་དུ་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱས་ནས་རིམ་པ་དང་པོའི་ཚད་གཞིར་སོན་ཡོད་ཅེས་མཚམས་སྦྱོར་གནང་བ་རེད། 
རི་མོ་ནི་འཛམ་གླིང་ཡང་རྩེ་ཇོ་མོ་གླང་མ་ཡིན།
རི་མོ་ནི་བྱང་གི་གནམ་མཚོ་ཕྱུག་མོ་ཡིན།
           བོད་ལྗོངས་ནི་གཙང་བོ་ཆེན་པོ་དང་ཆུ་བོ་ཆེ་གྲས་ཇི་སྙེད་ཅིག་གི་མགོ་ཁུངས་ཡིན་པས་ཆུ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་ལ། “ཡ་གླིང་གི་ཆུ་མཛོད་”ཅེས་སྙན་གྲགས་རྒྱས། བོད་རང་སྐྱོང་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་འགུལ་སྤྱོད་འཆར་གཞིའི་ལས་དོན་ཇུས་གཞི་》དོན་འཁྱོལ་ནན་མོ་བྱས་པ་དང་། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གཙང་པོར་བཙོག་འབུད་བྱེད་སར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་། ཡར་ཀླུང་གཙང་པོ་སོགས་གཙང་བོ་(མཚེའུ་)20ལྷག་ཙམ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་ལས་ཀ་རྣམས་བསྒྲུབས། གྲོང་དང་གྲོང་རྡལ་གཅིག་སྡུད་རྣམ་པ་ཅན་102དང་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་མགོའི་སྲུང་སྐྱོབ་ལས་གྲྭ་3300ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་(ས་ཁུལ་)7ནས་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་སྲུང་སྐྱོང་ཁུལ་གཏན་འཁེལ་བྱས་པ་རེད། 2018ལོར་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་ས་ངོས་ཀྱི་ཆུ་22ཁྱོན་ཡོངས་ནས་དཔྱད་ཞིབ་ཀྱི་བླང་བྱའི་ཚད་ཐིག་ལ་བསླེབས་པ་དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་པ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་དེའི་ཚད་གཞིར་བསླེབས་ཡོད་པ་རེད།
           དག་ཞིང་སྲུང་སྐྱོང་གི་གཡུལ་འགྱེད་ཕྱོགས་ནས། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2སྤྱད་ནས་ས་རྒྱུའི་སྦགས་བཙོག་འགོག་བཅོས་རྣམ་གྲངས་16བསྐྲུན་པ་དང་། རྫོང་མཁར་རམ་དེའི་ཡན་གྱི་གྲོང་དང་གྲོང་རྡལ་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་91.38%ཟིན་ཅིང་། དེས་ལྗོངས་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་འཇགས་བྱུང་ཡོད།  
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གཙོར་བྱས་ནས་འགོག་བཅོས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། གཅིག་སྡུད་འགག་སྒྲོལ་གྱིས་བོད་ལྗོངས་ཀྱི་གནམ་སྔོན་སྲུང་སྐྱོང་གི་གཡུལ་འགྱེད་དང་། ཁྲེ་སྣུམ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་གཡུལ་འགྱེད། འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་གི་འགག་སྒྲོལ་གཡུལ་འགྱེད། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་གཡུལ་འགྱེད། གད་སྙིགས་དཀར་པོའི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་གཡུལ་འགྱེད་སོགས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལེགས་པོར་བྱས་དེ་གངས་ལྗོངས་ས་མཐོའི་ནམ་མཁའ་སྔར་བས་སྔོ་ཞིང་ས་ཆ་སྔར་བས་ལྗང་བ། ཆུ་བོ་སྔར་བས་དྭངས་པ། དངོས་རིགས་སྔར་བས་མང་བ། སྡོད་ས་སྔར་བས་ཡག་པོ་ཡོང་བར་བྱ་རྒྱུ་རེད།