ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ཉིང་ལྕགས་ལམ“སྣམ་བུའི་ཕ་ཡུལ”བར་བཏིངས་ཟིན་པ།

སྤེལ་དུས 2019-06-11 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།

འདི་ནི་ལྕགས་ལམ་འདིང་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་ཚོགས་པའི་འཛུགས་སྐྲུན་པས་ས་ཆ་དངོས་སུ་ལས་ཀ་བྱེད་བཞིན་པ།
          ཉེ་ཆར། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་མེ་འཁོར་བབས་ཚུགས་ཨང་གཉིས་པ་སྟེ་བོད་ལྗོངས་ལྷོ་ཁ་གྲ་ནང་བབས་ཚུགས་བར་བཏིངས་ཟིན་ཏེ་ལྷ་ཉིང་ལྕགས་ལམ་བཏིང་ཚད་སྤྱི་ལེ་50ཙམ་ཟིན་ཡོད། གྲ་ནང་རྫོང་ནི་ལྷོ་ཁ་གྲོང་ཁྱེར་དུ་གནས་པ་དང་བོད་ཀྱི“སྣམ་བུའི་ཕ་ཡུལ”ཞེས་སུ་གྲགས།
          ལྷ་ཉིང་ལྕགས་ལམ་གྱི་མ་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ་435ཟིན་པ་དང་ཇུས་འགོད་མྱུར་ཚད་སྤྱི་ལེ་160ཡིན་ཞིང་། དེ་ནི་བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། བོད་དུ་སྐྱོད་པའི་རང་རྒྱལ་གྱི་ལྕགས་ལམ་གྱི་གྲུབ་ཆའི་ཆ་གལ་ཆེན་ཞིག་ཡིན་པས། སྔོན་དཔག་ལྟར་ན། 2021ལོར་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་དང་། སྐབས་དེ་དུས་རང་རྒྱལ་ས་ཁོངས་ཀྱི་ལྕགས་ལམ་དྲ་བའི་བཀོད་ཇུས་ལེགས་སུ་ནུས་ལྡན་འགྲོ་རྒྱུ་མ་ཟད། ད་དུང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལྗོངས་ཕྱི་ནང་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།