ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞང་ཕེང་མཁའ་འགྲུལA330རྟགས་ཅན་གྱིས་གོང་དཀར་གནམ་ཐང་དུ་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་སྟེ་ཁྲེང་ཏུའུ་ནས་ལྷ་སར་འཕུར་རྒྱུ་རེད།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

             ཟླ6པའི་ཚེས10ཉིན།  ཧུང་ཤིན་གསར་འགྱུར་གསར་འགོད་པས་ཡུན་ནན་ཞང་ཕེང་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སི(གཤམ་དུ“ཞང་ཕེང་མཁའ་འགྲུལ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་གསལ། ཟླ6པའི་ཚེས5ཉིན་ནས་ཚེས6ཉིན་བར་ལྷ་ས་གོང་དཀར་གནམ་ཐང་དུA330རྟགས་ཅན་གྱི་ཚོད་ལྟའི་འཕུར་སྐྱོད་ལས་དོན་ལེགས་སྒྲུབ་བྱུང་བ་རེད།
             ངོ་སྤྲོད་བྱས་པ་ལྟར་ན། ལྷ་ས་གོང་དཀར་གནམ་ཐང་ནི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་གནམ་ཐང་གཅིག་པུ་དེ་ཡིན་པ་དང་། དེ་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་ཤིང་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3600ཙམ་ཡོད་པ་དང་ས་མཐོའི་གནམ་ཐང་ལ་གཏོགས་པ་ཡིན། ས་བབ་མཐོ་བ་དང་། རྙོག་འཛིང་ཆེ་བའི་གནམ་གཤིས་དང་ས་བབ་ཀྱི་ཤུགས་རྐྱེན་ཐེབས་ཏེ་གནམ་གྲུ་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་འགན་ལེན་ནུས་པའི་བླང་བྱ་ཧ་ཅང་མཐོན་པོ་ཡོད། 
             ཐེངས་འདིའི་ཚོད་ལྟའི་འཕུར་སྐྱོད་དེ་ཞང་ཕེང་མཁའ་འགྲུལ་གྱིས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཡུན་ནན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་མཛུབ་ཁྲིད་འོག་སྤེལ་བ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་དང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གཞོགས་འདེགས་འོག་གནམ་གྲུ་A330-300སྤྱད་དེ་RNPARསྤྱི་པའི་གོ་རིམ་དང་། ས་མཐོ་མཐོ་བའི་འཁོར་སྐྱོད། EFBའཕྲུལ་ཆས་ངོ་མའི་ཚོད་ལྟའི་ར་སྤྲོད་སོགས་ཀྱི་ར་སྤྲོད་གོ་རིམ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། 
             ཞང་ཕེང་མཁའ་འགྲུལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ད་ཐེངས་ཀྱི་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ་འདིས་ཞང་ཕེང་མཁའ་འགྲུལ་ཀུང་སིསA330སྤྱད་དེ་ཁྲེང་ཏུའུ་ནས་ལྷ་སར་ཕར་འགྲོ་ཚུར་འོང་བྱེད་པའི་མཁའ་ལམ་ལ་རྨང་གཞི་བཏིང་བ་དང་འབྲེལ་ལས་རིགས་ནང་ཁུལ་གྱི་མཁའ་འགྲུལ་སིའི་ས་མཐོའི་གནམ་ཐང་འཁོར་སྐྱོད་ལ་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད། 
             རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ས་མཐོའི་གནམ་ཐང་མང་ཆེ་བའི་ས་ཁམས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་གནམ་གཤིས་ཞན་པའི་དབང་གིས་མཁའ་འགྲུལ་ཀུང་སིས་ས་མཐོའི་གནམ་ཐང་འཁོར་སྐྱོད་བྱེད་པར་ཕྱོགས་བསྡུས་འཁོར་སྐྱོད་ཀྱི་འགན་ལེན་ནུས་པའི་བླང་བྱ་དེ་བས་མཐོན་པོ་བཏོན་ཡོད། 
             ཞང་ཕེང་མཁའ་འགྲུལ་དེ་ཁུན་མིང་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་ཐང་དང་། ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་རྟེན་གཞིའི་མཁའ་འགྲུལ་ཀུང་སི་ཡིན་པའི་ཆ་ནས་ས་མཐོའི་འཁོར་སྐྱོད་ཐད་ཉམས་མྱོང་མང་པོ་ཡོད་པར་མ་ཟད། ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་དང་། ཉིང་ལིང་ལུའུ་ཀུའུ་ཧུའུ་གནམ་ཐང་དང་། སི་ཁྲོན་གཟི་ཚ་སྡེ་དགུའི་ཧོང་ལུང་གནམ་ཐང་། དར་རྩེ་མདོའི་གནམ་ཐང་། རྔ་པ་ཧུང་ཡོན་གནམ་ཐང་། བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་། མངའ་རིས་དགུན་ས་གནམ་ཐང་སོགས་ས་མཐོའི་གནམ་ཐང་བདེ་བླག་ངང་འཁོར་སྐྱོད་ཐུབ་ཡོད་པ་རེད། 
             ཐེངས་འདིའིA330་རྟགས་ཅན་གྱི་འཕྲུལ་ཆས་ངོ་མའི་ཐོག་ནས་ཞིབ་དཔྱད་ར་སྤྲོད་བྱས་པ་བརྒྱུད་ཞང་ཕེང་མཁའ་འགྲུལA330རྟགས་ཅན་གྱི་འཕྲུལ་ཆས་ཀྱིས་ལྷ་ས་གནམ་ཐང་དུRNPARསྤྱི་པའི་གོ་རིམ་དང་། ས་མཐོའི་འཁོར་སྐྱོད། EFBའཁོར་སྐྱོད་བཅས་ཀྱི་ནུས་པར་ཞིབ་བཤེར་བྱས་པ་རེད། གཞན་ཡང་། ཞང་ཕེང་མཁའ་འགྲུལA330རྟགས་ཅན་གྱིས་ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་མཁའ་ལམ་དུ་འཕུར་སྐྱོད་བྱས་ཚེ། མཁའ་ལམ་དེའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་རྒྱུར་རོགས་འདེགས་བྱས་ཏེ། བོད་ལྗོངས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་ཕྱོགས་པར་དེ་བས་མགྱོགས་ལ་ཕན་འབྲས་ཆེ་བའི་བགྲོད་ལམ་ཞིག་གཏོད་རྒྱུ་ཡིན་པ་རེད། 
             ཞང་ཕེང་མཁའ་འགྲུལ་གྱི་འབྲེལ་ཡོད་འགན་འཁུར་པས་བསྟན་དོན། འབྱུང་འགྱུར་ཞང་ཕེང་མཁའ་འགྲུལ་གྱིས་ད་དུང་ས་མཐོ་དང་དམིགས་བསལ་གནམ་ཐང་གི་འཁོར་སྐྱོད་བདེ་འཇགས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། འཁོར་སྐྱོད་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་ས་མཐོའི་འཁོར་སྐྱོད་ཀྱི་བདེ་འཇགས་ཀྱི་རྨང་གཞི་བརྟན་པོར་གཏོང་བ་བཅས་བྱས་ནས་ཀུང་སིས་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།