ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ཉིང་ལྕགས་ལམ་ཀོང་མདོ་ལྡིང་ཕུག་ལམ་ཏལ་འབིགས་ཐུབ་པ།

སྤེལ་དུས 2019-06-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

འདི་ནི་ཀོང་མདོ་ལྡིང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་རྗེས་ཨར་པོ་བས་མཉམ་དུ་དྲན་རྟེན་པར་བརྒྱབ་ནས་རྟེན་འབྲེལ་ཞུ་བ།
          ཟླ་6ཚེས་9ཉིན་གྱི་ཆུ་ཚོད་21དང་སྐར་མ་28ལ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ཕུག་ལམ་རིང་པོ་གསུམ་པ་རིང་ཚད་ལ་སྤྱི་ལེ་13.59ཡོད་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་མདོ་ལྡིང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་ལས་ལྷ་ཉིང་ལྕགས་ལམ་གྱི་ལམ་ཚད་ཧྲིལ་པོའི་གཙོ་གནད་དང་དཀའ་ཚེགས་ཆེ་བའི་ལས་གྲྭར་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད།
          ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཁྱབ་ཁོངས་ཀྱི་ཀོང་མདོ་ལྡིང་ཕུག་ལམ་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཡོད་པ་དང་། གཏིང་རིང་ཤོས་ལ་སྨི་1500ཡོད་ཅིང་སྔོན་དཔག་བྱས་ན་2020ལོའི་ཟླ་7པར་བསྐྲུན་ཐུབ་རྒྱུ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར། ཨར་སྐྲུན་བྱེད་རིང་གཙོ་བོར་བྲག་རྡོ་གས་པ་དང་། ས་དྲོད་ཆེ་བ། ཆུ་དོན་པ་བཅས་འགྲན་སློང་རང་བཞིན་གྱི་དཀའ་གནད་ཆེན་པོ་གསུམ་ལ་ཁ་གཏད་གཅོག་ཆེད། རྣམ་གྲངས་ཀྱི་རྩ་གཉིས་ཨང་རྟགས་སྤྱད་དེ་མིང་ངོ་མ་འགོད་པའི་ལམ་ལུགས་དོ་དམ་ལག་བསྟར་བྱས་ཐོག་རྩ་གཉིས་ཨང་རྟགས་བརྒྱུད་ལག་རྩལ་གསོ་སྦྱོང་བྱས་ཏེ་ཨར་སྐྲུན་གྱི་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།