ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཏུན་ཧོང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གྱི་འཁོར་ལམ་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།

སྤེལ་དུས 2019-06-18 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ཟླ་6ཚེས་15ཉིན། རིང་ཚད་ལ་སྨི་500ཡོད་པའི་ཆེས་མཐའ་མའི་ལྕགས་ལམ་རྐང་གཉིས་ཀྱིས་ཀན་སུའུ་ཞིང་ཆེན་ཅུའུ་ཆོན་གྲོང་ཁྱེར་ཨ་ཁུའུ་སའེ་ཧ་སག་རིགས་རང་སྐྱོང་རྫོང་ནང་ཁོངས་ཀྱི་ཀན་ཆིང་ཧྭ་ཧའེ་ཙིའི་མཐུད་སྣེ་དང་མཚོ་སྔོན་གྱི་ལམ་དུམ་གཉིས་དངོས་སུ་མཐུད་པས། ཏུན་ཧོང་ནས་ན་གོར་མོའི་བར་ལ་ལྕགས་ལམ་འདིང་བའི་ལས་གྲྭ་ཡོངས་སུ་མཇུག་རྫོགས་ཡོད། ལྕགས་ལམ་འདི་ནི་བྱང་ཕྱོགས་ཏུན་ཧོང་མེ་འཁོར་ས་ཚུགས་ནས་ལྷོ་ཕྱོགས་ན་གོར་མོའི་འབབ་ཚུགས་བར་ཡིན་ཞིང་། དེའི་རིང་ཚད་ཁྱོན་ཡོངས་ལ་སྤྱི་ལེ་616.79ཡོད་པ་དང་། ཇུས་འགོད་བྱས་པའི་མྱུར་ཚད་ནི་དུས་ཚོད་རེར་སྤྱི་ལེ་120ཡིན་པ། དེ་ནི་ཤིན་ཅང་དང་མཚོ་སྔོན། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་བཞི་ཕན་ཚུན་སྦྲེལ་བར་བྱེད་པའི་ལམ་ཁ་སྟབས་བདེ་ཤོས་དེ་ཡིན་འདུག
རྩོམ་སྒྲིག་པ། སངས་སྐྱབས།