ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་མང་པོའི་ཆེད་མཁས་པས“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ཁྲོད་ཀྱི་བོད་ལྗོངས་ཀྱི་རྣམ་པ”གླེང་བ།

སྤེལ་དུས 2019-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ6པའི་ཚེས14ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་ལས་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“2019•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་གླེང་སྟེགས་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། 
              ཉིན་དེའི་ཕྱི་དྲོར། རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་ཧུར་ཐག་སྒོས་བོད་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱས་ཤིང་། དེའི་ཁྲོད “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཀྱི་བོད་ལྗོངས་ཀྱི་འཁྲབ་གཞི་ཞེས་པའི་གྲོས་གཞི་དེ་ཆེད་མཁས་པ་མང་པོས་དོ་ཁུར་བྱེད་པའི་གྲོས་གཞིར་གྱུར་ཡོད།
  
  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
              བོད་ལྗོངས་ནི་ལོ་རྒྱུས་སྟེང་གི“ཐང་བོད་གནའ་ལམ”དང་། “ཇ་རྟ་གནའ་ལམ”“བལ་བོད་གནའ་ལམ”“ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ”བཅས་ཀྱི་འཛུགས་སྐྲུན་མཁན་གལ་ཆེན་ཞིག་ཡིན་པས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ཁྱད་ཆོས་ལྡན་ཡོད། 
              བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྐམ་སའི་བགྲོད་ལམ་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མཐའ་མཚངས་ས་ཁུལ་གྱི་སྒོ་དབྱེ་གསར་སྤེལ་གྱི་གཙོ་གནད་ས་ཁོངས་ཤིག་ཡིན་ལ། རང་རྒྱལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་ཞིང་ཆེན་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པས་དེར་དམིགས་བསལ་གྱི་ཁྱད་ཆོས་རབ་དང་རིམ་པ་ལྡན་ཡོད། 
  
  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
              དུས་རབས་རྙིང་པའི་བོད་ལྗོངས་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་མེད་ཅིང་། འགྲིམ་འགྲུལ་སྐྱེལ་འདྲེན་དེ་སྔར་ནས་བཟུང་མི་ཕྱུགས་ཁལ་གསུམ་དང་རྟ་དྲེལ་ལམ་གྱི་གདོད་མའི་རྣམ་པར་གནས་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60སོང་རིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་གྱིས་འཕེལ་རྒྱས་མྱུར་མགྱོགས་ཀྱི་དུས་སྐབས་བསུས་ཏེ་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ། སྦུག་ལམ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་རགས་ཙམ་ཆགས་ཡོད། 
  
  འདི་ནི་ཨའེ་ཏེ•མུའུ་ཉི་ཡིས་གཏམ་བཤད་གནང་བའི་རྣམ་པ་རེད། 
              “འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དེས་བོད་ལྗོངས་ཀྱིས་གནས་བབ་ཀྱི་ལེགས་ཆ་སྤྱད་དེ་ཀྲུང་གོའི་སྐམ་སའི་དབུས་ཁུལ་དང་ཨེ་ཤེ་ཡ་ལྷོ་མའི་དབར་འབྲེལ་བའི་རང་བྱུང་ནུས་པ་འདོན་སྤེལ་ཐུབ་ཡོད”ཅེས་ཧྥ་རན་སེའི་དགེ་རྒན་ཆེན་མོ་བ་ཨའེ་ཏེ•མུའུ་ཉི་ཡིས་བརྗོད་ཅིང་། ཁོང་གིས“ཚན་ཞིབ་མི་སྣས་ཁྱབ་ཁོངས་དེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་རང་བཞིན་ལ་འགན་ལེན་བྱེད་དགོས”ཞེས་བཤད།
              ལི་ཐུ་ཝན་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་དབྱེ་ཞིབ་ཆེན་མོ་བ་དབྱིར་མན་ཐ་སི•ཕེ་ཆིའུ་ལས“ཀྲུང་གོའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དུ་བརྩི་ཆོག་པ་དང་། བོད་ལྗོངས་འདི་ཉིད་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོ་དང་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་རེ་ཡོད་ལ། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུའང་འགྱུར་སྲིད”  ཅེས་བསྟན། 
  
  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
              དབྱི་ཨར་མན་ཐ་སི•ཕེ་ཆིའུ་ལ་ཡིས་བོད་ལྗོངས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་སྐབས་དེའི་དམིགས་བསལ་རང་བཞིན་ལ་བསམ་གཞིག་གང་ལེགས་བྱེད་དགོས་པ་དང་། གཞན་ཡང་བོད་ལྗོངས་ཀྱི་རིག་གནས་ཀྱི་ངོས་འཛིན་དང་སྲོལ་རྒྱུན་གྱི་སྲུང་སྐྱོང་ལ་དེ་བས་དོ་ཁུར་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ཞེས་གྲོས་འགོ་བཏོན་པ་རེད། 
              ཧན་གོའི་ཧན་ལིན་སློབ་ཆེན་གྱི་དགེ་རྒན་ཆེ་མོན་བ་ཧྲེན་ཧོ་ཀྲོའུ་ཡིས་བཤད་རྒྱུར།“ས་ཁམས་དང་། དཔལ་འབྱོར། ཕྱི་འབྲེལ་བཅས་ཕྱོགས་གང་ཅིའི་ཐད་ནས་བོད་ལྗོངས་དང་ ‘རྒྱུད་གཅིག་ལམ་གཅིག’དབར་འབྲེལ་བ་དམ་ཟབ་ཡོད”ཅེས་བསྟན།
  
  འདི་ནི་གླེང་སྟེགས་སུ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་པའི་ཡུལ་དངོས་རེད།
              ཧྲེན་ཧོ་ཀྲོའུ་ཡིས2006ལོ་ནས་བཟུང་ལག་བསྟར་བྱས་པའི《རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་ཚང་མ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྲུང་སྐྱོང་གི་སྲིད་ཇུས་ཡིན་ཞིང་། དེའི་ནང་བོད་ཀྱི་རིག་གནས་ཤུལ་བཞག་གིས130ལྷག་ཙམ་བཟུང་བ་དེ་དག་མི་རིགས་ཁག་གི་རིག་གནས་ཤུལ་བཞག་གི་གྲངས་འབོར་གྱི་ཨང་དང་པོར་སླེབས་ཡོད་པ་རེད། ཁོང་གིས་ངེས་པར་དུ་སྤྱི་ཁོག་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་དང་སྲོལ་རྒྱུན་རིག་གནས་ཤུལ་བཞག་གྲངས་གཞི་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། 
  འདི་ནི་ཅིན་ཀྲི་གོ་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཚོགས་འདུར་ཞུགས་པའི་རྣམ་པ་རེད།
              བོད་ལྗོངས་ཀྱི་སྒོ་དབྱེ་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་དམིགས་ཏེ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ཅིན་ཀྲི་གོ་ཡིས་བཤད་རྒྱུར།“བོད་ཀྱི་རིག་གནས་ནི་བོད་ལྗོངས་ས་མཐོ་ནས་བྱུང་བ་དང་། དེ་ནི་ས་ཆ་དེ་གར་འཚོ་བ་སྐྱེལ་མཁན་གྱི་མི་དམངས་ལས་བྱུང་བ་ཡིན་ཞིང་། བོད་མི་རིགས་ཀྱི་ཡུན་རིང་བོའི་ལོ་རྒྱུས་སུ་མི་རྣམས་ཀྱིས་འཚོ་གནས་དང་། སྐྱེ་འཕེལ། འཚར་ལོངས་ལ་དམིགས་ཏེ་གནམ་ས་ཉི་ཟླ་དང་། རི་ཀླུང་ཆུ་གཙང་དང་ཞི་མཐུན་མཉམ་གནས་ཡོང་ཐབས་བྱས་ཏེ། འཇིག་རྟེན་གྱི་རྣམ་ཤེས་དང་མཐུན་སྦྱོར་བྱས་ནས་ཐུན་མོང་མ་ཡིན་པའི་འཚོ་གནས་བྱེད་སྟངས་དང་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་བྱས་མཐར་མིའི་བསམ་གཞིག་དང་བྱ་སྤྱོད་ཀྱི་རྣམ་པ་ཞིག་ཆགས་པ་དེ་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ཀྱི་འཚར་ལོངས་དང་འགྲོགས་ཡོད”ཅེས་བཤད།
              སྒོ་དབྱེའི་རླབས་རྒྱུན་གྱི་མདུན་དུ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ་ཞེ་ན། ཅིན་ཀྲི་གོས་བསྟན་དོན། དེང་རབས་ཚན་རྩལ་ཁྱབ་གདལ་དུ་བཏང་བ་དེས་མཁར་རྫོང་སྟུག་པོ་རེ་རེའི་སྒོ་ཕྱེས་ཏེ་རིག་གནས་ཀྱི་གདེང་ཚོད་རྒྱུན་སྲུང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ཅིང་། སྤྱི་ཚོགས་ཡོངས་ཀྱིས་ང་ཚོའི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་དགོས་ཚེ། རྨང་གཞི་སློབ་གསོ་ནས་མགོ་བརྩམས་པ་དང་། སེམས་ཁམས་ཀྱི་བྱང་ཚད་སློབ་གསོ་ནས་འགོ་རྩོམ་དགོས། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི་དུས་མཚུངས་སུ་ངེས་པར་དུ་ལག་པ་གཉིས་བརྐྱངས་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་གསར་པ་སྣ་ཚོགས་ལ་བསུ་བ་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་ང་ཚོ་རང་ལུས་ཀྱི་ཕུལ་བྱུང་རིག་གནས་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོང་ཐུབ་ཅེས་བཤད།
              སྒྲུང་ཐང་གི་དེང་རབས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ནི་གཞུང་དྲང་གསར་གཏོད་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པ་དང་། སྒྲུང་ཐང་ནི་ཐོག་མའི་སྒྲུང་མཁན་གྱི་མི་སྣའི་རི་མོ་མདོར་བསྡུས་ནས་ “ལྷ་རིས་པས” ཆེད་དུ་བཞེངས་པའི་བར་དང་། དེ་ནས་དུས་རབས་བཅུ་དགུ་པ་དང་དུས་རབས་ཉི་ཤུ་པའི་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བ་དང་ས་སྐྱ་པའི་དགེ་འདུན་པ་ཚོས་ཆེད་མངགས་ཀྱིས་གསར་རྩོམ་བྱས་པ་བརྒྱུད་དེ་རིམ་བཞིན་སྤུས་ལེགས་སུ་གྱུར་པ་རེད།
              ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་གཙོ་གཞོན་པ་ཀྲོའུ་ཨའེ་མིང་གིས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་བསྟན་དོན། བོད་རིགས་ཐང་ག་འབྲི་མཁན་ཕུད་ད་དུང་སོག་རིགས་དང་། ཧོར་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་ཐང་ག་འབྲི་མཁན་ནམ་ཡང་ན་དེང་རབས་ཀྱི་རི་མོ་མཁས་ཅན་ཡང་དེའི་ནང་དུ་ཞུགས་ཡོད་པ་དང་། ཁོང་ཚོའི་གསར་རྩོམ་གྱི་དམིགས་ཡུལ་ཧ་ཅང་གསལ་བོ་ཡིན་ཏེ། དེ་ནི“གེ་སར་གྱི་གཏམ་རྒྱུད་གསོན་དུ་བཅུག”ནས“གེ་སར་རིག་གནས་དར་སྤེལ་དུ་གཏོང་རྒྱུ”དེ་རེད།
            ཀྲོའུ་ཨའེ་མིང་གིས་བཤད་རྒྱུར“སྒྲུང་ཐང་གི་དེང་རབས་ཀྱི་རྒྱུན་འཛིན་དེ་སྲོལ་རྒྱུན་ཁྲོད་བརྟན་སྲུང་དང་། ཚད་བརྒལ་གྱི་ཁྲོད་གསར་གཏོད་བྱས་ནས་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་བླངས་ཡོད”ཅེས་བཤད།