ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་དུས་ཐེངས་བཞི་པའི་སྐད་གཉིས་ཁྲིམས་རྩོད་པའི་གསོ་སྦྱོང་ལྷ་སར་སྤེལ་བ།

སྤེལ་དུས 2019-07-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
微信图片_20190705151021.jpg
              ཟླ་7ཚེས་4ཉིན་གྱི་སྔ་དྲོར་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་དུས་ཐེངས་བཞི་པའི་སྐད་གཉིས་ཀྱི་ཁྲིམས་རྩོད་པ་གསོ་སྦྱོང་དེ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་དང་། རྒྱལ་ཡོངས་ཁྲིམས་འཛིན་མཐུན་ཚོགས་གསོ་སྦྱོང་པུའུ་དང་ཏང་ཨུད་གཞུང་དོན་ཁང་གི་འབྲེལ་ཡོད་བློ་མཐུན། ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ(བོད་ལྗོངས། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ)གྱི་ཁྲིམས་འཛིན་ཐིང་ཁྲིམས་རྩོད་པའི་ལས་དོན་ཁྲུའུ་ཡི་འགན་འཁུར་པ། ཁྲིམས་འཛིན་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གི་འབྲེལ་ཡོད་བློ་མཐུན་དང་དེ་བཞིན་ཁྲིམས་རྩོད་པའི་སློབ་མ་50གསོ་སྦྱོང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད། 
              ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་ནི་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་བོད་ལྗོངས་ཁྲིམས་འཛིན་ཐིང་དང་ལྗོངས་ཁྲིམས་འཛིན་མཐུན་ཚོགས་ལ་ཡིད་ཆེས་གནང་པ་ཞིག་སྟེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཁྲིམས་རྩོད་པའི་ལས་གཉེར་སྒྲིག་ཁྲིམས་སློབ་གསོ། རྒྱ་བོད་ཁྲིམས་ལུགས་ཀྱི་ཐ་སྙད་ལོ་ཙཱ་དང་དེ་བཞིན་ཁྲིམས་དོན་ཡིག་རིགས་ཀྱི་ལས་དོན། རྒྱ་བོད་ཁྲིམས་ལུགས་ཀྱི་ཐ་སྙད་བེད་སྤྱོད་དང་དེ་བཞིན་ལད་ཟློས་ཁྲིམས་ར་སོགས་གསོ་སྦྱོང་སློབ་ཚན་གྱི་བླང་བྱ་གཞིར་བཟུང་ཐོག་བཀོད་སྒྲིག་ཞིབ་ཚགས་གནང་པ་དང་། སློབ་ཁྲིད་དགེ་རྒན་ལ་འབྲེལ་འདྲིས་དང་སློབ་མའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་མཐུན་སྦྱོར་གང་ལེགས་གནང་ཡོད་པ་རེད།
              ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཞ་ལུའུ་ཡིས་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཤིང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱིས་བོད་ལྗོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་ལ།  དེས་ནི་ང་ཚོས་བོད་ལྗོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་གྱི་ཆུ་ཚད་མཐོ་གཏོང་དང་ཤུགས་སྣོན་གང་ལེགས་ཡོང་པར་བླང་བྱ་གསར་པ་དང་སྔར་བས་མཐོ་བ་བཏོན་ཡོད་ཅེས་བསྟན་བྱུང་། 
              ཞ་ལུའུ་ཡིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ ཁྲིམས་ལུགས་ཞབས་ཞུའི་དགོས་མཁོ་ཡང་གང་མགྱོགས་ཇེ་མཐོར་ཕྱིན་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་པ་མ་ཟད། རྒྱ་ཡིག་ཁོང་དུ་ཆུད་པའི་ཁྲིམས་རྩོད་པ་དང་ཤེས་ལྡན་པ་འབོར་ཆེན་ཞིག་ངེས་པར་དུ་དགོས་པ་དང་། ཀྲུང་དབྱང་གི“ཁྲིམས་ལྟར་བོད་སྐྱོང་དང་ཡུན་རིང་བོད་སྐྲུན”གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཁྲིམས་འཛིན་པ་དང་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས“སྐད་གཉིས་ཁྲིམས་རྩོད་པའི་གསོ་སྦྱོང་འཆར་གཞི”ལག་བསྟར་བྱས་པ་དང་འབྲེལ་ཆེད་དོན་གྲོན་དངུལ་རེ་ཞུ་བྱས་ཡོད་ཅིང་། དེའི་ཐོག་ནས་ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་རྩོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་པ་མཚོན་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ད་རེས་ཀྱི་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་འབད་པ་ལྷུར་ལེན་གནང་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བསྟན་བྱུང་།