ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【བཀྲ་ཤིས་པའི་བདེ་ཆེན། བདེ་ཐང་གི་ཀྲུང་གོ།】སྨན་བཅོས་ཆེད་མཁས་པ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་དུ་བསྐྱོད་པ།

སྤེལ་དུས 2019-07-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བྱ་འགུལ་ལ་ཞུགས་པའི་སྨན་བཅོས་ཆེད་མཁས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པ་དང་ནད་གཡོག་པའི་མཉམ་པར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་8ཉིན་གྱི་ཕྱི་དྲོར། 2019ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་བདེ་ཆེན་ཡུལ་གྱི་འགྲུལ་བསྐྱོད”ཅེས་པའི་སྤྱི་ཕན་བྱ་འགུལ་ཆེན་པོར་ཞུགས་མཁན་གྱི་དམར་དམག་མདའ་ཤོག་བཅུ་གཉིས་པའི་བརྒྱ་ཤོག་ལྔ་པའི་སྨན་བཅོས་ཆེད་མཁས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་དུ་འབྱོར་ཏེ། སྨན་ཁང་གི་སྨན་པ་དང་ནད་གཡོག་པར་བཞུགས་མོལ་བརྗེ་རེས་བྱས་པ་དང་། བསྟུད་མར་ཉིན་འགའ་ལ་འོས་འགན་སྨན་དཔྱད་དང་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་འགུལ་གྱི་བཀོད་སྒྲིག་གཏན་ཁེལ་བྱས།  
སྨན་བཅོས་ཆེད་མཁས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པ་དང་ནད་གཡོག་པས་བཞུགས་མོལ་བརྗེ་རེས་བྱེད་པ། 
             སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་དབྱང་ཆོན་ཡིང་གིས་སྨན་བཅོས་ཆེད་མཁས་པ་རྣམས་ལ་སྨན་ཁང་གི་གཞི་རྩའི་གནས་ཚུལ་དང་སྨན་བཅོས་ཀྱི་མི་འདང་ས་ལ་སོགས་པ་ངོ་སྤྲད་ཅིང་། ཆེད་མཁས་པ་རྣམ་པས་ཆེད་ལས་ཀྱི་རོགས་རམ་གནང་རྒྱུའི་རེ་སྐུལ་བྱས། མོ་ནད་ཚན་ཁག་དང་བུ་བཙས་ཚན་ཁག བྱིས་ནད་ཚན་ཁག་བཅས་ཀྱི་སྨན་བཅོས་ཆེད་མཁས་པས་སོ་སོར་འཇོན་པའི་ཁྱབ་ཁོངས་དང་སྦྲགས་ཏེ་ཁ་གཏད་རང་བཞིན་གྱི་བསམ་འཆར་དང་གྲོས་འདུན་ཁ་ཤས་ཀྱང་བཏོན་པ་རེད། 
མོ་ནད་ཚན་ཁག་དང་བུ་བཙས་ཚན་ཁག་གི་ཆེད་མཁས་པས་ཡུལ་དངོས་བརྟག་དཔྱད་བྱས་ཏེ་སྨན་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།
བྱིས་ནད་ཚན་ཁག་གི་ཆེད་མཁས་པ་དང་སྨན་པ་དང་ནད་གཡོག་པས་བརྗེ་རེས་བྱེད་པ།
             སྨན་བཅོས་ཆེད་མཁས་པས་བཞུགས་མོལ་བརྗེ་རེས་དང་ཚན་ཁག་སོ་སོར་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད་ནས། མཇུག་མཐར་ཐེངས་འདིའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་ལ་དང་བླངས་བྱ་འགུལ་སྤེལ་བའི་ལས་རིམ་གྱི་ཞིབ་ཕྲ་རྣམས་གཏན་ལ་ཕབ་པ་སྟེ། དེར་འོས་འགན་སྨན་དཔྱད་དང་ཆེད་མཁས་པས་སྣེ་ཁྲིད་དེ་ནད་ཁང་གི་རྟོག་ཞིབ་ལ་མཛུབ་སྟོན་བྱེད་པ། བུ་བཙས་ཚན་ཁག་གི་བཤག་བཅོས་ལག་ལེན་ལ་མཛུབ་སྟོན་བྱེད་པ། ཆེད་མཁས་པས་སློབ་ཁྲིད་བྱེད་པ་བཅས་ཀྱི་བྱ་འགུལ་འདུས་ཡོད། 
ཀྲུང་འཇར་མཛའ་མཐུན་སྨན་ཁང་ནས་ཡོང་བའི་སྨན་པ་ཀྲའོ་ཧོང་(གཡས།)གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་ལ་མོ་ནད་ཚན་ཁག་དང་འབྲེལ་བའི་དཔེ་སྦྱིན་བྱེད་པ།
             རྒྱུས་ལོན་པ་ལྟར་ན། ཟླ་7པའི་ཚེས་8ཉིན་ནས་བཟུང་2019ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་བདེ་ཆེན་ཡུལ་གྱི་འགྲུལ་བསྐྱོད”ཅེས་པའི་སྤྱི་ཕན་བྱ་འགུལ་ཆེན་པོར་ཞུགས་མཁན་གྱི་དང་བླངས་པ་རྣམས་སོ་སོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབའ་ལུང་རྫོང་། བདེ་ཆེན་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་29དང་སྨན་བཅོས་འཕྲོད་བསྟེན་ཁང་ལ་བསྐྱོད་དེ་གཟའ་འཁོར་གཅིག་གི་ཡུན་གྱི་དང་བླངས་བྱ་འགུལ་སྤེལ་འཆར་རེད།