ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”བདེ་ཆེན་དུ་བསྐྱོད་པའི་སྨན་བཅོས་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས་པ།

སྤེལ་དུས 2019-07-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་8ཉིན་གྱི་སྔ་དྲོ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”བེད་ཆེན་དུ་བསྐྱོད་པའི་སྨན་བཅོས་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་ཆེ་གྲས་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ(གཤམ་དུ“བདེ་ཆེན་ཁུལ”ཞེས་བསྡུ་རྒྱུ) སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོའི་ནང་པེ་ཅིང་དང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་གི་སྨན་བཅོས་ལས་ཁུངས་333དང་། རིག་ཚན་27ནས་ཕེབས་པའི་སྨན་དོན་དང་བླངས་པ་དང་། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ། སྨྱན་སྦྱོར་གསར་འགོད་པ་800ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཟླ་7པའི་ཚེས་8ཉིན་ནས་ཚེས14ཉིན་བར་བདེ་ཆེན་ཁུལ་གྱི་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་དང་། གཅེས་སེམས་ཞལ་འདེབས། བདེ་ཐང་སློབ་གསོ། ལྷན་སྐྱེས་སྙིང་ནད། ཀླད་སྐྱོན་ཕོག་པ། རུས་ཚིགས་ནད་དང་དེ་བཞིན་རིམས་འགོག་སྨན་ཁབ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། 
          2008ལོ་ནས་བཟུང་“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་བ་ནས་བཟུང་སྔ་ཕྱིར་སྨན་དོན་དང་བླངས་པ་ཁྲི་གཉིས་ལྷག་ཙམ་སྒྲིག་འཛུགས་བྱས་ནས་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིར་བསྐྱོད་དེ་མི་རིགས་ཁག་གི་སྤུན་ཟླ་མི་ཐེངས་ཁྲི་52ཙམ་ལ་རྣམ་པ་འདྲ་མིན་གྱི་བདེ་ཐང་སྤྱི་ཕན་རོགས་སྐྱོར་བྱས་ཤིང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1500ལྷག་ཙམ་ལ་སྨན་ཡོན་མི་དགོས་པར་གཤགས་བཅོས་བྱས་ནས་སྐྱ་འགྲིབ་ཕོག་པའི་ནད་པ་མང་པོར་སླར་ཡང་འོད་སྣང་མཐོང་དུ་བཅུག
 
“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད་” བདེ་ཆེན་དུ་བསྐྱོད་པའི་བྱེད་སྒོའི་ཡུལ་དངོས།
          ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་98འཁོར་བའི་མཚམས་འདིར།   སྨན་བཅོས་ཆེ་གྲས་ཀྱི་སྤྱི་ཕན་བྱེད་སྒོ་དེ་བདེ་ཆེན་ཁུལ་གྱི་རྫོང་གཉིས་དང་གྲོང་ཁྱེར་གཅིག(བདེ་ཆེན་རྫོང་། འབའ་ལུང་རྫོང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར)ཏུ་ཡོང་ནས་ཡུན་ནན་གྱི་བོད་རིགས་མང་ཚོགས་དང་གསར་བརྗེ་རྒན་རབས་མང་ཚོགས་ལ་སྨན་རྫས་བསྐྱལ་ཅིང་། དེ་བས་ཀྱང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་བསྐྱལ་ཡོང་།

དབུ་འབྱེད་མཛད་སྒོར་ཞུགས་པའི་བདེ་ཆེན་ཁུལ་གྱི་མང་ཚོགས་ཀྱི་འཐུས་མི།

 “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་” བདེ་ཆེན་དུ་བསྐྱོད་པའི་བྱེད་སྒོའི་ཡུལ་དངོས།

དང་བླངས་སྨན་པས་བོད་རིགས་མང་ཚོགས་ཀྱི་ནད་ལ་ལྟ་བ།

དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་རྗེས་ཀྱི་དྲན་རྟེན་མཉམ་པར།