ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་འགོ་ཚུགས་པ།

སྤེལ་དུས 2019-07-12 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
  སྤྱི་ཟླ་7ཚེས་10ཉིན། 2019ལོའི་རྒྱུད་གཅིག་ལམ་གཅིག་གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་གྱི་འགྲན་བསྡུར་ལས་ཕོ་མོའི་དཀའ་ཚད་འགྲན་བསྡུར་དེ་བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་སློབ་གྲྭ་ནས་འགྲན་བསྡུར་གྱི་དབུ་ཚུགས་པ་རེད།

  ཀྲུང་གོ་དང་། ཨུ་རུ་སུ། ཨུ་ཁོ་ལན། ཕོ་ལན། ལྷོ་ཀོ་རེ་ཡ། འཇར་པན། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན། ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་9དང་ཀྲུང་གོའི་ཤང་ཀང་། ཀྲུང་གོའི་ཐེ་པའེ་ས་ཁུལ་གཉིས་ཀྱི་བྲག་འཛེག་མཁས་ཅན་40གནས་མཆོག་ལྷ་སར་འཛོམས་ཏེ་འགྲན་བསྡུར་ཁྲོད་ཞུགས་ཡོད།

  ཛ་དྲག་ཆེ་བའི་འགྲན་རྩོད་བྱས་མཐར་ཀྲུང་གོའི་ཁྲོན་ཆེན་གྱི་ལུས་རྩལ་པ་མ་ཙི་ཏ་ལ་སྐྱེས་པའི་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་དང་། ལུས་རྩལ་པ་ཤང་ཧུང་ཁྲུན་ལ་བུད་མེད་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་ཐོབ་པ་རེད། ཨུ་རུ་སུའི་ལུས་རྩལ་པ་Dmitrii Fakirianvoདང་ཀྲུང་གོའི་ཤང་ཀང་གི་ལུས་རྩལ་པ་ཡོའུ་ཅ་ཅུན་གཉིས་ལ་སྐྱེས་པའི་འགྲན་བསྡུར་ཁྲོད་ཀྱི་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། ཕོ་ལན་གྱི་ལུས་རྩལ་པ་Aleksandra Karolina Przybyszདང་ཀྲུང་གོ་ཐེ་པའེ་ལུས་རྩལ་པ་ལིན་ཤུའུ་རུའུ་ལ་བུད་མེད་འགྲན་བསྡུར་ཁྲོད་ཀྱི་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ།

  ཉེ་བའི་ལོ་འདི་དག་གི་རིང་ལ། བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་རྒྱལ་ཡོངས་དང་རྒྱལ་སྤྱི་རང་བཞིན་ཅན་གྱི་བྲག་འཛེག་འགྲན་བསྡུར་སྤེལ་བ་རེད། ཐེངས་འདིའི་འགྲན་ཞུགས་མི་གྲངས་དང་འགྲན་བསྡུར་གྱི་གཞི་རྒྱ་སྔར་ལས་ཆེ་བ་དང་། བོད་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི་རིམ་པ་ཆེས་མཐོ་བའི་རྒྱལ་སྤྱིའི་རྩལ་འགྲན་ལུས་རྩལ་འགྲན་བསྡུར་ཞིག་ཡིན།
རྩོམ་སྒྲིག་པ། རྡོ་རྗེ།