ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྐོར་འགྲན་བསྡུར་ཟི་ལིང་སྐོར་བའི་འགྲན་བསྡུར་དུམ་བུར་སླེབས་པ།

སྤེལ་དུས 2019-07-18 ཡོང་ཁུངས། ན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཧྥ་རན་སེའི་མ་སའེ་རྐང་འཁོར་རུ་ཁག་གི་རུ་མིས་འགྲན་བསྡུར་ལམ་དུམ་དེའི་ཨང་དང་པོ་བླངས་པ།

          འགྲན་བསྡུར་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་ཧྥ་རན་སེའི་མ་སའེ་རྐང་འཁོར་རུ་ཁག་གི་བྱུང་སི·པུ་ལུན་ཏུན(དཀྱིལ)དང་། ཐུར་ཁེའིSALCANOརྐང་འཁོར་རུ་ཁག་གི་པར་ཀན·ཨ་ནུར(གཡོན) མཚོ་སྔོན་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་གི་མ་ལི་ཉི·ཉི་ཀུ་ལ་སིས(གཡས)དྲན་རྟེན་པར་རྒྱག་བཞིན་པ།
          ཚེས་15ཉིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅོ་བརྒྱད་པ་འགྲན་བསྡུར་ལམ་དུམ་གཉིས་པ་ཟི་ལིང་སྐོར་བའི་འགྲན་བསྡུར་ལ་སླེབས་པ་རེད། ཧྥ་རན་སེའི་མ་སའེ་རྐང་འཁོར་རུ་ཁག་གི་མཐའ་མའི་གདོང་མཆོང་བ་གཙོ་བོ་བྱུང་སི·པུ་ལུན་ཏུན་གྱིས་ཆུ་ཚོད་2དང་སྐར་མ་42དང་སྐར་ཆ་46གི་གྲུབ་འབྲས་ནས་འགྲན་བསྡུར་ལམ་དུམ་གྱི་ཨང་དང་པོ་བླངས་པ་རེད།
          ཐུར་ཁེའིSALCANOརྐང་འཁོར་རུ་ཁག་གི་པར་ཀན·ཨ་ནུར་ལ་འགྲན་བསྡུར་ལམ་དུམ་གྱི་ཨང་གཉིས་པ་ཐོབ་པ་དང་། མཚོ་སྔོན་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་གི་གདོང་མཆོང་བ་མ་ལི་ཉི·ཉི་ཀུ་ལ་སིར་འགྲན་བསྡུར་དུམ་བུའི་ཨང་གསུམ་པ་ཐོབ་པ་རེད།
          འགྲན་བསྡུར་ལམ་དུམ་གཉིས་པ་ཟི་ལིང་སྐོར་བའི་འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་119ཡོད་པ་དང་ཁྱོན་སྐོར་ལམ་9བཀོད་སྒྲིག་བྱས་ཡོད། ཚེས་15ཉིན་གྱི་ཆུ་ཚོད་12དང་སྐར་མ་30ལ་འགྲན་བསྡུར་འགོ་ཚུགས་ཤིང་། སྤྱི་ལེ་39དང་། སྤྱི་ལེ་65 སྤྱི་ལེ་92བཅས་ཀྱི་འགྲན་བསྡུར་ལམ་དུམ་སར་མཐའ་མའི་གདོང་མཆོང་བྱེད་ས་བཙུགས་ཡོད་པ་རེད།
          ཚེས་15ཉིན་ཟི་ལིང་དུ་གནམ་གཤིས་ཡག་པོ་ཡོད་པ་དང་། འགྲན་བསྡུར་སྐབས་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཙམ་ཡོད་པས་རྐང་འཁོར་གྱི་འགྲན་བསྡུར་ལ་ཧ་ཅང་འཚམ་པོ་ཡོད། འགྲན་བསྡུར་འགོ་ཚུགས་ནས་དུས་ཡུན་རིང་པོ་མ་སོང་བར་མཚོ་སྔོན་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་གི་ལི་ཙེ་སེན་དང་ཝང་ཅན་ཚའེ་མདུན་དུ་བསྐྱོད་པ་དང་། དེ་རྗེས་ཝང་ཅན་ཚའེ་རུ་མི་མང་པོས་རྗེས་ཟིན་པ་རེད། འགྲན་བསྡུར་ལམ་ཐིག་ཕྱེད་ཀ་ཡོལ་རྗེས་ཚང་མས་མྱུར་ཚད་མགྱོགས་སུ་བཏང་བ་དང་ཁྱབ་རྒྱ་ཆུང་བའི་རྐང་འཁོར་རྡུང་ཁ་ཐེབས་པའི་གནས་ཚུལ་ཡང་ཐོན་པ་རེད།
          འགྲན་བསྡུར་བརྒྱུད། ཧྥ་རན་སེའི་མ་སའེ་རྐང་འཁོར་རུ་ཁག་གི་པུ་ལུན་ཏུན་མཐའ་མའི་གདོང་མཆོང་གི་སྐར་གསོག་རིམ་རྩིས་མིང་ཐོའི་ཨང་དང་པོར་སླེབས་པ་དང“མཐའ་མའི་གདོང་མཆོང་བ”མཚོན་པའི་འོག་འཇུག་ལྗང་ཁུ་གྱོན་པ་དང་། ཁོ་ལོམ་པི་ཡའི་མའེ་ཏེ་ལིན་རྐང་འཁོར་རུ་ཁག་གི་རུ་མི་ཝེ་མ·ལོ་ཏན་གྱིས་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་འོག་འཇུག་སེར་པོ་གྱོན་པ། “ཨེ་ཤེ་ཡའི་བདམས་ཐོན་པ་རྩེ་གྲ”མཚོན་པའི་འོག་འཇུག་སྔོན་པོ་དེ་ཉིང་ཞ་ལུས་རྩལ་རྒྱན་ཤོག་ལི་ཝོ་ཀའོ་ཧྲི་ཐེ་ཀྲོའུ་ཅི་རྐང་འཁོར་རུ་ཁག་གི་པའེ་ལི་ཅུན་གྱིས་མུ་མཐུད་གྱོན་པ་རེད།
          ཚེས་16ཉིན་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལམ་དུམ་གསུམ་པ་མདོ་པ་ནས་ཁྲི་ཀའི་བར་གྱི་འགྲན་བསྡུར་བྱས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།