ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་རེབ་གོང་དུ་ཚོགས།

སྤེལ་དུས 2019-07-19 ཡོང་ཁུངས། གངས་ལྗོངས་མེ་ལོང་། རྩོམ་པ་པོ།

          ཟླ་7བའི་ཚེས་19ཉིན། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་དབྱར་གྱི་སྒེག་མོའི་འཛུམ་རྒྱ་རབ་ཏུ་གྲོལ་ཞིང་།  དྲུག་པའི་ལྷ་ཟླ་དཀར་པོའི་བཀྲ་ཤིས་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་མོ་ལ། ཡུལ་གནས་མཆོག་རེབ་གོང་རིག་པ་འབྱུང་བའི་གྲོང་དུ་ཚོགས་ཤིང་། རྒྱལ་ཡོངས་བོད་ཀྱི་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་བཞི་བཅུ་དང་མི་སྣ་བརྒྱ་ལྷག་མཉམ་གཅིག་ཏུ་འཛོམས་ནས་གསར་འགྱུར་ལས་རིགས་ཀྱི་འཕེལ་རྒྱས་ལ་བགྲོ་གླེང་རྒྱ་ཆེན་པོ་བྱས།

          ཐེངས་འདིའི་ཚོགས་འདུ་ནི་རྨ་ལྷོ་ཚགས་པར་ཁང་གིས་འགན་སྒྲུབ་དང་། རྨ་ལྷོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་གནང་སྟེ་བསྒྲུབས་པ་ཡིན་ལ། ཐེངས་འདིའི་སྨྱན་སྦྱོར་ཚོགས་འདུ་ལ་རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་རྒྱབ་སྐྱོར་བླ་མེད་བྱས།

རྨ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན་ཏིག་ཝུན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས།
          ཚོགས་འདུའི་སྟེང་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཉིན་མོ་ཡིན་པར་མ་ཟད། རྨ་ལྷོ་ཚགས་པར་སྤེལ་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོའང་ཡིན། ལྷག་པར་ཐེངས་འདིའི་ཚོགས་འདུ་ནི་2019ལོའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་ལའང་འཕྲད་པས། བཀྲ་ཤིས་རབ་བརྩེགས་ཀྱི་ཉིན་མོར་ཚོགས་འདུ་འདི་བརྒྱུད་ནས་ཞི་ཅིན་ཕིང་གིས་བཏོན་པའི་སྟོབས་བཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད། སྨྱན་སྦྱོར་འདྲེས་སྦྱོར་ལ་རམ་འདེགས། སྨྱན་སྦྱོར་བྱ་སྒྲུབ་མི་སྣའི་སྤུས་ཀ་མཐོར་འདེགས་དང་། སྐུལ་ལྕག་བྱས་ནས་སྤུས་ལེགས་དང་འཇོན་ཐང་ཅན་སྐྱེད་སྲིང་བྱ་བ། བོད་ཡིག་སྨྱན་སྦྱོར་གྱི་བརྡ་འཕྲིན་ཁྱབ་སྒྲོག་ཆུ་ཚད་ཚད་ལྡན་ཅན་དང་ཚད་མཐུན་ཅན། བརྡ་འཕྲིན་ཅན་དུ་གོང་སྤེལ་བྱ་དགོས་ཞེས་བླང་བྱ་གལ་ཆེན་བཏོན།
རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་པུའུ་ཀྲང་ལི་ཞུའེ་ཅོན་གྱིས་གཏམ་བཤད་གནང་བཞིན་པ།
          ཐེངས་འདིའི་ཚོགས་འདུའི་སྟེང་བརྩམས་ཆོས་290ལྷག་འབྱོར་ཡོད་ལ། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་སྒྲིག་གཞི་ལྟར། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་དང་ས་གནས་སྲིད་གཞུང་གི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། ཉེ་བ་གསུམ་གྱི་བོད་སྐད་སྨྱན་སྦྱོར་ལས་ཁུངས་སོ་སོའི་གསར་རྩོམ་དང་རྩོམ་སྒྲིག་ཆུ་ཚད། སྒྱུར་སྐྲུན་ནུས་པ། ཕྱོགས་བསྡུས་སྤུས་ཚད་སོགས་མཚོན་ཐུབ་པ། སྨྱན་སྦྱོར་འདྲེས་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་པ་ཐོན་པའི་ཚབ་མཚོན་ཅན་གྱི་བརྩམས་ཆོས་འགྲན་སྡུར་སྤེལ་ནས། ཕུལ་བྱུང་བརྩམས་ཆོས་དག་ལ་བྱ་དགའ་གནང་རྒྱུ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་རྒྱུན་ཨུ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་གཏམ་བཤད་གནང་བཞིན་པ།
          ཐེངས་འདིའི་ཚོགས་འདུའི་སྟེང་ད་དུང་སྨྱན་སྦྱོར་ལས་རིགས་ཀྱི་བརྡ་ཆད་གསར་བའི་སྐོར་ལ་བགྲོ་གླེང་བགྱིས་ནས་གཅིག་གྱུར་གྱི་མིང་བརྡ་གཏན་ཁེལ་བྱ་རྒྱུ་རེད།
 
རྨ་ལྷོ་ཚགས་པར་ཁང་གི་མགོ་གཙོ། སྤྱིའི་རྩོམ་སྒྲིག་པ་ཀའོ་ཀུང་ཀྲི་ཡིས་གཏམ་བཤད་གནང་བཞིན་པ།
          ཐེངས་རྗེས་མའི་རྒྱལ་ཡོངས་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་མཚོ་སྔོན་མཚོ་ལྷོ་ཚགས་པར་ཁང་དང་ཡོངས་འཛིན་དྲ་བས་བསྒྲུབ་རྒྱུར་ཐག་བཅད།

ཚོགས་རའི་ཡུལ་དངོས།
ཚོགས་རའི་ཡུལ་དངོས།
རྩོམ་སྒྲིག་པ། རྡོ་རྗེ།