ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“དུས་རབས་གསར་པ། · བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ”ཞེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་བོད་ལྗོངས་སུ་སྤེལ་འགོ་ཚུགས་པ།

སྤེལ་དུས 2019-08-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི“དུས་རབས་གསར་པ།·བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ”ཞེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད།
              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན།  མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ་སོགས་ཀྲུང་དབྱང་དང་ས་གནས་ཀྱི་དྲ་རྒྱའི་སྨྱན་བྱད་གསར་འགོད་པ20ལྷག་བོད་ལྗོངས་ལྷ་ས་རུ་འཛོམས་ནས་བཞུགས་མོལ་ཚོགས་འདུ་བསྡུས་བ་དང་། དེའི“དུས་རབས་གསར་པ།·བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ”ཞེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་བོད་ལྗོངས་སུ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་བརྒྱུད་སྒྲོག་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་འགན་སྒྲུབ་བྱས་པ་དང་། ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་ཏང་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུས་ལས་ཁང་གིས་སྒྲུབ་རོགས་བྱས་པ་རེད། མ་འོངས་པའི་གཟའ་འཁོར་གཅིག་རིང་། ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་དྲ་ཚིགས་བཅར་འདྲི་ཚོགས་པས་ལྷ་ས་དང་ལྷོ་ཁའི་གཞི་རིམ་ས་ཁུལ་དུ་བཅར་འདྲི་བྱ་རྒྱུ་ཡིན་པ་རེད། 
              བཞུགས་མོལ་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ། མི་རིགས་མཐུན་སྒྲིལ་རྒྱུན་མཐུད་སྲ་བརྟན་བཅས་སུ་འགྲོ་བཞིན་ཡོད་པས་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། དུས་རབས་གསར་པའི་བོད་ལྗོངས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གངས་ལྗོངས་མཐོ་སྒང་གི་གང་སར་མཐོང་རྒྱུ་ཡོད་པ་དང་། མི་སེམས་འགུལ་བའི་འབད་འཐབ་ཀྱི་གཏམ་རྒྱུད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དུ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། མཛེས་སྡུག་ལྡན་པའི་རྣམ་པ་དེ་དག་མཚོན་པར་བྱེད་པ་དང་། འབད་འཐབ་ཀྱི་གཏམ་རྒྱུད་དེ་དག་ཡག་པོ་ཤོད་པར་གསར་འགོད་པའི་མིག་ཤུགས་དང་། ཀླད་ཤུགས། སྨྱུག་རྩལ་བཅས་དགོས་ཟེར། 
              བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ན་ནིང་། “དུས་རབས་གསར་པ·བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ”ཞེས་པའི་བརྗོད་བྱ་གཙོ་བོའི་བཅར་འདྲིའི་བྱེད་སྒོས་བོད་ལྗོངས་ས་ཚིགས་དང་པོར་བྱས་ནས་རྒྱལ་ཡོངས་ཀྱི་དྲ་རྒྱའི་སྨྱན་བྱད་ཀྱི་བཅའ་འདྲི་དང་རྩོམ་སྒྲིག་པའི་རྐང་འཛིན་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་སྔོན་ཐོན་གྱི་སྒྲིག་ཆས་དང་མདུན་གྲལ་གྱི་ལག་རྩལ་བཅས་ལ་བརྟེན་ནས་གསར་འགྱུར་སྤེལ་པར་བརྒྱུད་སྒྲོག་གི་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། ད་ལོར་བྱེད་སྒོས་བོད་ལྗོངས་འདི་ཉིད་སླར་ཡང་བཅར་འདྲིའི་གཙོ་གནད་དུ་བཟུང་ཡོད་པ་དེའི་ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་དྲ་རྒྱའི་སྨྱན་བྱད་གྱིས་བོད་ལྗོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པ་མཚོན་ཡོད་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།