ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི“རོལ་རྩེད་དུས་ཆེན་དང་ཚྭ་འདམ་སྤྲོ་སེམས”ཞེས་པའི་བྱེ་བགྲོད་རླངས་འཁོར་འགྲན་སྡུར་ཚྭ་འདམ་ཆེ་བ་རུ་སྤེལ།

སྤེལ་དུས 2019-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་གྲུབ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། 2019ལོའི་ཚྭ་འདམ་གྱི་སྤྲོ་སེམས་ཞེས་པའི་བྱེ་བགྲོད་རླངས་འཁོར་འགྲན་སྡུར་བྱ་འགུལ་ཚྭ་འདམ་ཆེ་བ་རུ་སྤེལ།

          ཐེངས་འདིའི་འགྲན་སྡུར་ནིལྗང་མདོག་དང་འཆམ་མཐུན། མཉམ་བསྲེས། གསར་སྐྲུནབརྗོད་དོན་ཡིན་ལ། འགྲན་སྡུར་བྱེད་ཡུལ་ནི་ཡ་ཏན་ས་ངོས་དང་བྱེ་ཐང་ས་བབ། ཆུ་བོར་བརྒལ་བ་སོགས་ས་གཤིས་རྙོག་འཛིང་ཅན་དུ་འགྲན་སྡུར་བྱས། འགྲན་སྡུར་གཞི་ཁྱོན་ལ་བཅོས་སྒྲིག་རླངས་འཁོར་རུ་ཁག་དངT2འགྲན་རྒྱུག་རུ་ཁག འཕྲུལ་རྟ་འགྲན་རྒྱུག་རུ་ཁག་བཅས་སོ་སོར་འགྲན་རྒྱུག་སྟེགས་བུ་མང་པོ་བསྐྲུན། འགྲན་སྡུར་བྱེད་སའི་ལམ་ཐག་ནི་ལམ་ཐག་ཐུང་བའི་འགྲན་རྒྱུག་དང་འཐེན་ཤུགས་འགྲན་སྡུར། T2འགྲན་སྡུར་བཅས་འདུས། ད་དུང་དུས་ཡུན་ཉིན་བཞིའི་རིང་གི་འགྲན་སྡུར་ཁྲོད་གཅིག་བསྡུས་སྒོས་རླངས་འཁོར་སྐོར་བགྲོད་འགྲེམས་སྟོན་དང་ཀྲུང་གོ་དང་མཚོ་སྔོན་གྱི་ས་ཁོངས་ཡོངས་ཀྱི་གནས་སྐོར་བགྲོ་གླེང་། ཚྭ་འདམ་ཆེ་བའི་ས་ཁོངས་གནས་སྐོར་ངོ་སྤྲོད། མྱ་ངན་ཐང་གི་རོལ་དབྱངས་དུས་ཆེན་སོགས་བྱ་འགུལ་མང་པོ་སྤེལ།

          མགྲོན་པོ་ལིས་ཞ་ཅའེ་ཡིས་བཤད་རྒྱུར། གནས་སྐོར་ལ་འགྲོ་བར་དགའ་མཁན་དང་རླངས་འཁོར་ལ་དགའ་མཁན་དག་གིས་ཚྭ་འདམ་ཆེ་བ་རུ་སྔར་ལས་སྐྱིད་ས་ཞིག་འཚོལ་ཞིབ་དང་འདི་ལས་ཀྱང་དགའ་ཞིང་སྐྱིད་པའི་ས་ཆ་ཞིག་རྙེད་ཐུབ་པར་རེ་བ་ཡོད་ཟེར།

ཚྭ་འདམ་ཆེ་བ་སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། ཀྲུའུ་རིན་གཞོན་པ་ཀྲུའུ་ཆན་དཔུང་གིས་བཤད་རྒྱུར། ང་ཚོས་སྤྱི་ལེ་བརྒྱད་བརྒྱ་ཡོད་པའི་མྱ་ངན་ཐང་དུ་བྱེ་བགྲོད་རླངས་འཁོར་འགྲན་རྒྱུག་བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་ནི། སྔར་ལས་ཚྭ་འདམ་དྲིལ་སྒྲོག་དང་ལྷག་པར་ཏུ་ས་ཆ་འདིའི་གནས་སྐོར་ཁྱབ་ཁོངས་སྔར་ལས་མང་པོའི་མགྲོན་པོར་ཤེས་སུ་བཅུག་སྟེ། ཚྭ་འདམ་ཆེ་བའི་གནས་སྐོར་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་དེ་ཡིན།

          བྱ་འགུལ་སྤེལ་བ་འདིས། མཚོ་ནུབ་ཁུལ་གྱི་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ཕྱི་བསྒྲགས་བྱེད་པ་དང་།གནས་སྐོར་དང་རིག་གནས་ལུས་རྩལཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། སྔར་ལས་གནས་སྐོར་གྱི་རྣམ་པ་གསར་བ་དང་གནས་སྐོར་མཚན་སྙན་རྒྱ་བསྐྱེད་གཏོང་བར་དོན་སྙིང་ཆེན་པོ་ལྡན།