ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཤ་རུས་གཅིག་པའི་འབྲེལ་བ་མེད་ཀྱང་ཕ་མ་ལྟ་བུའི་བརྩེ་བ་འཛིན་པ།

སྤེལ་དུས 2019-08-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་རྨིད4500ཡན་ཟིན་ཡོད་པས། “འཛམ་གླིང་ཡང་རྩེའི་ཡང་རྩེ”དང“ཚེ་སྲོག་བཀག་སྡོམ་ཁུལ”ཞེས་འབོད་སྲོལ་ཡོད།
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        མངའ་རིས་ས་ཁུལ་དུ་ལོ་བཅུ་ཕྲག་ཁ་ཤས་རིང་གནམ་ས་བླ་འོག་ཏུ་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཏང་གི་དམངས་ཕན་སྲིད་ཇུས་ནི་ཞིང་འབྲོག་ལས་ཐོན་སྐྱེད་དང་དབུལ་སྐྱོར་གསར་སྤེལ། སློབ་གསོ་ཚན་རྩལ། འཕྲོད་བསྟེན་སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་ཅིང་། ཧོ་པེ་དང་ཧྲའན་ཞི་བཅས་བོད་སྐྱོར་ཞིང་ཆེན་གྱི་རོགས་རམ་ཤུགས་ཆེན་འོག་མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་དག་གིས་མཐུན་སྒྲིལ་དང་དཀའ་སྤྱད་འབད་བརྩོན་འོག  མངའ་རིས་མི་དམངས་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རིམ་བཞིན་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་ཡོད། གསར་འགོད་པས་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་མངའ་རིས་ཀྱི་ཐག་རིང་ལུང་ཁུག་གི་དམིགས་བསལ་དཀའ་ངལ་ཡོད་པའི་བགྲེས་སོང་དག་ནི་རྫོང་ཁག་སོ་སོའི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་བསྐྱལ་ཡོད་པ་མཐོང་སོན་བྱུང་། སེང་གེ་ཁ་འབབ་གྲོང་བརྡལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་དམིགས་བསལ་དཀའ་ངལ་ཅན་དང་འགན་སྲུང་ལྔའི་དུད་ཚང་གི་བགྲེས་སོང་དག་ལ་ན་དུས་སྨན་བཅོས་ཐུབ་པ་དང་རྒས་དུས་གསོ་སྐྱོང་ཐུབ་པར་གྱུར་ཏེ། བགྲེས་སོང་མང་པོ་ཞིག་གིས་འདི་གར་སེམས་ཁྲལ་ཅི་ཡང་མེད་པར་ཚེ་མཇུག་གི་བདེ་བར་རོལ་བཞིན་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        མངའ་རིས་ས་ཁུལ་གྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བསྐྲུན་པ་དང་། དཀའ་ངལ་གྱི་རྙོག་དྲ་སྲིད་གཞུང་གིས་ཐག་བཅད་དེ་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་མ་དངུལ་སྒོར་དུང་ཕྱུར་5བསྡུ་སྒྲིལ་བྱས་ནས“དམངས་འཚོའི་ལས་གྲྭ་ཁག་བཅུའི”རྣམ་གྲངས་52འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་སྔར་བས་མཐོ་རུ་བཏང་ཡོད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        “འགན་སྲུང་ལྔའི”བགྲེས་སོང་དག་ལ་གཅིག་སྡུད་ཐོག་གསོ་སྐྱོང་དང་དྭ་ཕྲུག་གཉོར་སྐྱོང་བྱེད་པའི་ཐད། སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱིས་ལོ་རེར་ཆེད་དོན་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་ནས་བགྲེས་སོང་དང་ཕྲུ་གུ་ཚོས་འགྲོ་སོང་སྐར་གང་ཡང་གཏོང་མི་དགོས་པར་དེ་གར་བདེ་ཐང་ངང་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད་པ་དང་། “གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་བགྲེས་སོང་ཚོས་ཟླ་རེར་ད་དུང་དངུལ་སིལ་མ་ངེས་ཅན་ཞིག་ལེན་ཐུབ་ཀྱི་ཡོད་པས། འཚོ་བའི་སྤུས་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་དང་།བགྲེས་སོང་མང་པོས་གསོ་སྐྱོང་ལྟེ་གནས་ཀྱི་ཁྱིམ་ཚང་ཆེན་པོ་དེ་རང་ཉིད་ཀྱི་ཁྱིམ་ལ་བརྩིས་ཡོད་ཅིང་། དེ་གར་ཏང་དང་སྲིད་གཞུང་གིས་གཞི་རིམ་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་གང་སར་མཐོང་རྒྱུ་ཡོད་པ་དང་། ཏང་དང་སྲིད་གཞུང་གི་ཉི་འོད་འོག་བགྲེས་སོང་དང་ཕྲུ་གུ་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ནི་རྒན་གསོ་དང་སྨན་བཅོས། ནད་གཡོག་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བགྲེས་སོང་དང་དེ་བཞིན་གྲོང་ཁྱེར་གྱི་མེད་པ་གསུམ་གྱི་མི་སྣར་གསུམ་གྱི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་ལ། ལོ་18མན་གྱི་ས་ཁུལ་དེ་གའི་དྭ་ཕྲུག་དང་བདག་མེད་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། སློབ་ཞུགས་དང་འཚོ་བ་རོལ་བ། སྨན་བཅོས། ལུས་གསོ། ནད་སྐྱོང་བཅས་གཞི་གཅིག་ཏུ་འབྲེལ་བའི་བྱིས་པའི་ཕན་བདེའི་སྒྲིག་གཞི་ཞིག་ཀྱང་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད། 
        དེ་གའི་བགྲེས་སོང་མང་ཆེ་བ་ནི་ཆ་རྐྱེན་དབུལ་པོ་ཡིན་པ་མ་ཟད་གཉོར་སྐྱོང་གནང་མཁན་བུ་ཕྲུག་མེད་པ་དང་། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་“འགན་སྲུང་ལྔའི”སྲིད་ཇུས་ལ་བརྟེན་ནས་འཚོ་བ་གཞི་ནས་འགན་ལེན་བྱུང་ཡོད། མངའ་རིས་ས་ཁུལ་དུ་ས་བབ་མཐོ་བ་དང་ས་རྒྱ་ཆེ་ལ་མི་འབོར་ཉུང་བ། གྲོང་ཚོ་དང་གྲོང་ཚོའི་དབར་བར་ཐག་ཅུང་ཁ་ཐག་རིང་པ། མི་ཧྲེང་བགྲེས་སོང་ཁ་ཤས་ནི་གྲོང་ཚོ་ཁག་ཏུ་ཁ་ཐོར་དུ་གནས་ཡོད་པ། སྨན་བཅོས་འགན་ལེན་གྱི་ཆ་རྐྱེན་ཞན་པ་བཅས་ཀྱིས་བགྲེས་སོང་ལ་སྨན་བཅོས་ཆུ་ཚད་ཅུང་མཐོ་བའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་མེད་པ་དང་། བྱིས་པ་གཉོར་སྐྱོང་གླིང་གི་ཕྲུ་གུ་མང་ཆེ་བ་དྭ་ཕྲུག་ཡིན་པ་དང་གཉོར་སྐྱོང་གནང་མཁན་ཕ་མ་མེད་པས་ཤང་དང་གྲོང་བརྡལ་ཁག་གིས་གཉོར་སྐྱོང་གི་འོས་འགན་འཁུར་ཡོད་པ་མ་ཟད། ཕྲུ་གུ་ཁ་ཤས་ནི་དེ་གའི་གྲོང་ཚོར་ཁ་ཐོར་ངང་གཉོར་སྐྱོང་བྱེད་ཀྱི་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།
        “གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་སླེབས་རྗེས་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ཇེ་ལེགས་སུ་ཤུགས་ཆེན་ཕྱིན་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་མོ་འདི་འདྲའི་ནང་འཚོ་བ་སྐྱེལ་བཞིན་ཡོད་དེ། ཁོད་ཡངས་ལ་དཀར་ཆ་དོད་པའི་ཉལ་ཁང་དུ་འདུག་པ་དང་། བློ་སེམས་ཞིབ་མོས་གཡོ་སྐོལ་གནང་པའི་བཟའ་བཏུང་གི་རོ་བཅུད་ཕུན་སུམ་ཚོགས་པ་མ་ཟད།  ད་དུང་གཉོར་སྐྱོང་ཁང་གི་དགེ་རྒན་ཚོའི་ཐུགས་ཁུར་ཟབ་བཞེས་གནང་ནས་ཕྲུ་གུ་ཚོ་ལུས་སེམས་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་བྱུང་གི་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        ལོ་ན་74ལ་སླེབས་པའི་བགྲེས་སོང་ཀརྨ་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་“འདི་གར་འབྱོར་རྗེས་ང་རང་དགའ་ཚོར་ཆེན་པོ་སྐྱེས་ཤིང་བདེ་སྐྱིད་ལྡན་ཏེ།གསོ་སྐྱོང་ལྟེ་གནས་ཀྱི་བཟའ་བཏུང་དང་སྡོད་ཁང་གི་ཆ་རྐྱེན་ཤིན་ཏུ་ལེགས་ལ། ལས་བྱེད་མི་སྣ་དག་ནི་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་ང་ཚོར་བསྙེན་བཀུར་བྱེད་པས། ང་ཚོར་སེམས་ཁྲལ་ཅི་ཡང་མེད་པར་ཆགས་ཡོད་ཕྱིར།  ཏང་དང་སྲིད་གཞུང་གིས་ང་ཚོར་ད་ལྟའི་ཚེ་མཇུག་གི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་འདི་འདྲ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཟེར།
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།    
        “དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རྒས་དུས་འཚོ་སྐྱོང་བྱ་རྒྱུ་ནི་དམངས་འཚོའི་ལས་གྲྭ་ཞིག་ཡིན་པ་དང་། དུས་ཀུན་ཏུ་བགྲེས་སོང་དག་ནི་རང་གི་ཕ་མ་ལྟ་བུ་དང་བྱིས་པ་དག་ནི་རང་གི་བུ་ཕྲུག་ལྟར་དུ་གཅེས་སྐྱོང་གནང་རྒྱུ་ནི་ང་ཚོའི་རྩ་དོན་ཡིན”ཞེས་མངའ་རིས་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་དང་། བྱིས་པ་གཉོར་སྐྱོང་ཁང་གི་འགོ་གཙོ་འཇམ་དཔལ་གྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་བགྲེས་སོང་དང་ཕྲུ་གུའི་ཁེ་ཕན་ཨང་དང་པོར་བཞག་ནས་བགྲེས་སོང་དང་ཕྲུ་གུ་ཚོས་དེ་གར་རང་ཁྱིམ་ལྟ་བུའི་བདེ་དྲོད་མྱོང་ཐུབ་པར་བྱས་ཏེ། བགྲེས་སོང་ཚོ་ནི་བདེ་སྐྱིད་ལྡན་ཞིང་བརྩི་མཐོང་ལྡན་པའི་རྒས་རྒྱུ་དང་། ཕྲུ་གུ་ཚོ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་ཐུབ་པར་བྱ་དགོས”ཞེས་ཟེར། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་སུ་ཡོད་པའི་བགྲེས་སོང་རེད།    
        མངའ་རིས་ས་ཁུལ་གྱིས“གཅིག་སྡུད་གཉིས”ཀྱི་འཛུགས་སྐྲུན་དེ་དམངས་འཚོའི་ལས་གྲྭ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ལྟེ་གནས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་3750བཏང་བའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་3000བཏང་བ་དང་། 2015ལོར་ལས་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད། དེ་གར་ད་ཆ་བགྲེས་སོང་79གཅིག་སྡུད་ཐོག་གསོ་སྐྱོང་གནང་ཡོད་པ་དང་གཞིས་སྡོད་མལ་ཁྲི་120ཡོད། དེའི་ནང་ཉལ་ཁང་དང་ལས་རེས་ཁང་། ཁ་བརྡ་ཁང་། ནུས་མང་ཁང་། སྨན་བཅོས་གཞུང་ལས་ཁང་། ལུས་གསོའི་སྨན་བཅོས་ཁང་། སེམས་ཁམས་ཁྲིད་སྟོན་ཁང་། ཚེ་མཇུག་ཐུགས་ཁུར་ཁང་། སྤྱི་ཚོགས་ལས་དོན་ཁང་།སྐྲ་བཞར་ཁང་།  མིག་མངས་ཁང་། སྣོད་བཅུད་གླིང་སོགས་ཡོད་པ་དང་། ཕྱོགས་གང་ཅིའི་ཐད་ནས་བགྲེས་སོང་དང་ཕྲུ་གུ་ཚོའི་བདེ་སྐྱིད་འཚོ་བའི་ཆེད་དུ་བཀོད་སྒྲིག་གནང་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ནད་གཡོག་པས་བགྲེས་སོང་ལ་རྐང་པ་འཁྲུ་བཞིན་པ་རེད།  
        འཇམ་དཔལ་གྱིས“བགྲེས་སོང་གི་བདེ་ཐང་སྨན་བཅོས་དང་ནད་སྐྱོང་ལས་དོན་ལ་དམིགས་ནས་ང་ཚོས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དང་བོད་སྨན་ཁང་གི་ཆེད་མཁས་སྨན་པ་གདན་དྲངས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གསོ་སྐྱོང་ལྟེ་གནས་སུ་རེས་འཁོར་ནས་སྡོད་དུ་བཅུག་སྟེ། ཤེས་སོན་བྱུང་མ་ཐག་དུས་ཐོག་ཏུ་སྨན་བཅོས་བྱེད་ཀྱི་ཡོད། དེ་མིན་གཞན་ལས་བྱེད་མི་སྣས་རང་ནུས་ཅི་ཡོད་ཀྱིས་བགྲེས་སོང་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་། བགྲེས་སོང་ལ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུའི་བརྩེ་བ་བཟུང་ནས་ཁོང་ཚོར་བདེ་སྐྱིད་དང་དྲོད་ཁོལ་ལྡན་པའི་ངང་ཚེ་མཇུག་སྐྱེལ་དུ་འཇུག་དགོས་པར་སྐུལ་མ་རྒྱག་གི་ཡོད”ཅེས་ཟེར། 
པར་འདི་ནི་བགྲེས་སོང་གི་གཟུགས་པོར་བརྟག་དཔྱད་གནང་བཞིན་པ་རེད།    
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ཟ་ཁང་རེད།    
        ལོ་66ལ་སླེབས་པའི་རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ་ངག་དབང་རྡོ་རྗེས་ཕྱི་རྒྱལ་དུ་ལོ་ངོ་27ལ་འཚོ་བ་སྐྱེལ་མྱོང་ཡོད། དེའི་རིང་གཉེན་སྒྲིག་བྱས་མེད་ལ་བུ་ཕྲུག་ཀྱང་མེད་ལ། ལོ་ན་ཆེ་རུ་ཕྱིན་པ་དང་བསྟུན་ནས་གཟུགས་པོ་ཡང་སྔར་བས་ཇེ་སྡུག་ཏུ་འགྲོ་བཞིན་ཡོདཔ་མ་ཟད། ཀླད་པར་སྐྱོན་ཕོག་པས་འགུལ་སྐྱོད་མི་བདེ་བར་གྱུར་ནས་འཚོ་བར་གནོད་སྐྱོན་ཆེན་པོ་ཐེབས་ཡོད། ཏང་དང་སྲིད་གཞུང་གི་རོགས་རམ་དང་རོགས་སྐྱོར་འོག དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གཉོར་སྐྱོང་ལྟེ་གནས་སུ་ཡོང་ནས་འདི་གར་ཁོང་གིས་དེ་གའི་བགྲེས་སོང་གཞན་དག་དང་འདྲ་བར་རྒྱལ་ཁབ་ཀྱིས་སྤྲད་པའི་བརྒྱ་ཆའི་བརྒྱ་སྨན་བཅོས་རྩིས་ཞུ་ལོངས་སྤྱོད་བྱེད་ཐུབ་ཡོད་ཅིང་། དུས་གཏན་དུ་སྨན་བཅོས་དང་གཟུགས་གཞིར་བརྟག་དཔྱད་ཞབས་ཞུ་སོགས་ལོངས་སྤྱོད་བྱེད་ཀྱི་ཡོད་ལ། གཅིག་སྡུད་གསོ་སྐྱོང་ལྟེ་གནས་ཀྱིས་ཁོང་ལ་ཆེད་དུ་ནད་གཡོག་པ་2བཀོད་སྒྲིག་བྱས་ཏེ་ངང་རྒྱུད་རིང་པོས་ཁོང་ལ་སྨན་བཅོས་བྱེད་རོགས་བྱས་པ་རེད། སྤྱིར་དུ་ཁོང་ཉིད་ནད་ཀྱི་དབང་གིས་ནད་འཁྲིའི་སྟེང་སྐད་ཆ་གསལ་པོ་ཞིག་ཀྱང་བཤད་ཁག་པར་གྱུར་ཡོད་ནའང་། “ཏང་དང་སྲིད་གཞུང་གི་བཀའ་དྲིན་ནི་བརྗོད་ཀྱིས་མི་ལང་པ་སྟེ་བཀའ་དྲིན་ཆེ། བཀའ་དྲིན་ཆེ”ཞེས་རྒྱུན་མི་ཆད་པར་བཟློ་བཞིན་འདུག  
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ཟ་ཁང་རེད། 
        གསོ་སྐྱོང་ལྟེ་གནས་ཀྱི་ཟ་ཁང་གཙང་ལ་གྲལ་དག་པ་དང་བར་ཁྱམས་ཀྱི་འགྲོ་ལམ་གཙང་ལ་ཁམས་དྭངས་བ་མ་ཟད་ལག་པ་ཁེན་ས་ཡང་ཡོད་པ་དང་། ནུས་ཁུལ་དབྱེ་སྟེངས་ཀྱང་གསལ་ལ་ཐད་ཀར་མཐོང་སྣང་དུ་མངོན་ཐུབ་པ། སྣོད་བཅུད་ངལ་གསོ་ཁང་དུ་འཁྲུག་ཆ་དོད་པ་བཅས་དེ་དག་ཚང་མ་ནི་གསོ་སྐྱོང་ལྟེ་གནས་ཀྱིས་ཞིབ་ཆའི་བཀོད་པའི་ཐད་ཞབས་ཞུ་ཡག་པོ་སྒྲུབ་ཀྱིན་པ་མཚོན་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ཟ་ཁང་རེད།    
        གཅིག་སྡུད་གསོ་སྐྱོང་ལྟེ་གནས་སུ་བགྲེས་སོང་མང་ཆེ་བས་ཡི་གེ་མི་ཤེས་པས་མེ་གསོད་ཡོ་ཆས་ཀྱི་ཉེ་འགྲམ་དུ་གཟུགས་བརྙན་ལྡན་པའི་ཁཱ་ཐུང་རི་མོའི་ལམ་ནས་གསལ་བཤད་བཀོད་ཡོད་པས།བགྲེས་སོང་དག་གིས་དངོས་རྫས་དེ་དག་བེད་སྤྱོད་བྱེད་སྟངས་ཐད་ཀར་ཤེས་རྟོགས་བྱུང་ཐུབ་ཀྱི་ཡོད་པ་རེད། དྲན་སྐུལ་གསལ་ཤོས་དེ་དག་ནི་གནས་གཅིག་ཙམ་ཏུ་བཀོད་ཡོད་པ་མ་ཡིན་པར་གཟུགས་པོ་འཁྲུ་ཁང་དང་བར་ཁྱམས་སོགས་བགྲེས་སོང་དག་གིས་རྟག་ཏུ་སྤྱོད་པའམ་ཡང་ན་བརྒྱུད་སའི་ས་ཆར་ཁཱ་ཐུང་གི་གཟུགས་བརྙན་བེད་སྤྱོད་དེ་གསལ་བཤད་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་ཚན་སྦྱར་ཡོད་པས། བགྲེས་སོང་དག་ལ་འགྲོ་འདུག་དང་འཚོ་བ། རོལ་རྩེད་བཅས་ཐད་བཀག་རྒྱ་ཅི་ཡང་མེད་པས་བགྲེས་སོང་དག་ལ་བློ་བདེ་བར་གནས་ཆོག་པའི་ཁྱིམ་གཞིས་ཤིག་བསྐྲུན་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་རེད།
        མིག་སྔར། མངའ་རིས་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུའི་ལས་དོན་དེ་དོ་དམ་ཚན་རིག་ཅན་དང་ཞབས་ཞུ་ཚད་ལྡན་ཅན། སྡོད་གནས་མགྲོན་ཁང་ཅན། སྒོ་ཁྱམས་ལྡུམ་ར་ཅན། སྒྲིག་ཆས་དེང་རབས་ཅན། ནད་གསོ་ལུས་གསོ་བཅས་གཞི་གཅིག་ཅན་གྱི་ཚད་གཞིར་སླེབས་ནས་བོད་ལྗོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། ཞབས་ཞུའི་ཚད་གཞི་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་སེམས་འཇགས་ཁང་རེད།    
        དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ལྟེ་གནས་ཀྱིས་ད་དུང་ཆོས་ལུགས་དད་མོས་དང་མི་རིགས་ཀྱི་གོམས་སྲོལ་ལ་དམིགས་བསལ་བརྩི་འཇོག་བྱེད་པ་དང་། ལྷག་པར་དུ“སེམས་འཇགས་ཁང”བཙུགས་ཏེ་ཁང་པའི་ནང་ཁྱིམ་ཚང་དང་འདྲ་བར་མཆོད་ཁང་ཡང་བཙུགས་ཡོད་པས། ཞོགས་པར་བགྲེས་སོང་དག་གིས་སྙིང་གཏམ་བཤད་དེ་གྲོགས་པོ་སྒྲིག་ཆོག་ལ་ཞལ་འདོན་ཡང་བྱེད་ཆོག་པས་སེམས་ཁམས་ཐད་བདེ་བ་བསྐྲུན་ཡོད་པ་མ་ཟད།འཆི་ཁར་ཐུགས་ཁུར་ཁང་བཙུགས་ནས་བགྲེས་སོང་ཚང་མར་བརྩི་མཐོང་ལྡན་པའི་ངང་ཚེ་མཇུག་ལས་བདེ་བར་གྲོལ་ཐུབ་པ་བྱས་ཡོད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་སྦྱར་ཡིག་རེད།    
        “ཤ་རུས་གཅིག་པའི་འབྲེལ་བ་མེད་ཀྱང་ཕ་མ་ལྟ་བུའི་བརྩེ་བ་འཛིན་པ།” མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ཚོམས་ཆེན་ནང་གི་སྦྱར་ཡིག་སྟེང་བྱིས་པ་གཉོར་སྐྱོང་ཁང་གི་ལས་ཀའི་བྱེད་ཕྱོགས་གསལ་པོར་མཚོན་ཡོད་པ་མ་ཟད། དེ་གར་ཡོད་པའི་མི་ཚང་མར་ཤུགས་རྐྱེན་ཡང་ཟབ་མོ་ཐེབས་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་གོས་འཁྲུད་ཁང་རེད། 
        མངའ་རིས་ས་ཁུལ་གྱི་བྱིས་པ་གཉོར་སྐྱོང་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི་2052བཏང་བ་དང་2015ལོར་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་ད་ཆ་བྱིས་པ་135གཅིག་སྡུད་ཐོག་གསོ་སྐྱོང་གནང་ཡོད། བྱིས་པ་གཉོར་སྐྱོང་ཁང་གི་ཁོར་ཡུག་གི་བཀོད་པ་མཛེས་པ་དང་ནུས་པའི་སྒྲིག་བཀོད་ཆ་ཚང་ཞིང་། བྱིས་པའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྩ་བའི་ཆ་ནས་དོ་དམ་བྱེད་ཐབས་རྙིང་པ་ལས་སྒྲོལ་ཏེ་མི་གཤིས་ཅན་གྱི་ཞབས་ཞུ་དེ་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ཅིང་། རང་ཉིད་ཀྱི་བུ་ཕྲུག་ལྟར་བྱིས་པ་གཉོར་སྐྱོང་ཁང་གི་བྱིས་པ་ལྟ་སྟངས་བཟུང་སྟེ་བྱིས་པ་ཆེས་མཛེས་པའི་བྱིས་དུས་དང་ཆེས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྦྱིན་རྒྱུའི་རེ་བ་རྒྱག་གི་ཡོད་པ་རེད། 
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”གསོ་སྐྱོང་ལྟེ་གནས་ནང་ཁུལ་གྱི་སྦྱར་ཡིག་རེད།    
        བྱིས་པ་གཉོར་སྐྱོང་ཁང་གི་ལས་མི་ཚོ་ནི་ངང་རྒྱུད་རིང་ཞིང་ཞིབ་ཚགས་ལྡན་ལ། བྱིས་པ་གྱོན་གོས་གྲལ་དག་ཅིང་ལུས་ལ་འཚམ་པ། སྐྱིད་སྣང་དོད་པའི་ཁོར་ཡུག་ནང་འཚོ་བ་སྐྱེལ་བ་དང་འབྲེལ་གཟིགས་སྐྱོང་དང་སློབ་གསོ་ཡག་པོ་ཐེབས་ཀྱི་ཡོད། བྱིས་པ་ཚོ་ནི་བྱིས་པ་གཉོར་སྐྱོང་ཁང་དུ་བདེ་ཐང་ངང་འཚར་ལོངས་ཡོང་ནས་དཔེ་ཀློག་དང་སློབ་སྦྱོང་བྱེད་པ། ཕྱིས་འབྱུང་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་ལས་ཀ་དང་ཡོང་འབབ་བརྟན་པོ་ཞིག་བྱུང་རྗེས་ད་གཟོད་གཞི་ནས་གསོ་སྐྱོང་གི་གྲོས་མཐུན་མེད་པ་བཟོ་གི་ཡོད་པ་རེད། འཇམ་དཔལ་གྱིས“ང་ཚོས་བྱིས་པ་ཚང་མ་སླད་ཕྱིན་སྤྱི་ཚོགས་ཐོག་རང་ཚུགས་ངང་འཚོ་བ་སྐྱེལ་ཐུབ་པ་ཞིག་ཏུ་ཆགས་རྒྱུར་འགན་ལེན་བྱེད་དགོས”ཞེས་བཤད།
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱིས་བགྲེས་སོང་ལ་བསྙེན་བཀུར་ཞུ་བའི་བྱེད་སྒོ་སྤེལ་བཞིན་པ་རེད།  
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་གསོ་སྐྱོང་ལྟེ་གནས་ཀྱི་ལུས་རྩལ་ར་བ་རེད།  
པར་འདི་ནི་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”གསོ་སྐྱོང་ལྟེ་གནས་ཀྱི་བྱིས་པ་དག་རེད། 
        དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ལྟེ་གནས་དང་བྱིས་པ་གཉོར་སྐྱོང་ཁང་གཅིག་སྡུད་ཐོག་འཛུགས་སྐྱོང་དང་ཐུན་མོང་ཐོག་དོ་དམ་བྱས་ཤིང་། རྟག་ཏུ“ལག་པ་ཆེན་པོས་ལག་པ་ཆུང་ཆུང་འཁྲིད་པའི”ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཏེ་བགྲེས་སོང་་བྱིས་པ་དག་རང་ཉིད་ཀྱི་བྱིས་པར་བརྩིས་ནས་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པ་དང་། བྱིས་པ་ཚོས་བགྲེས་སོང་དག་ནི་རང་ཉིད་ཀྱི་སྤོ་བོ་རྨོ་པོར་བརྩིས་ནས་དེ་དག་གི་ཐུགས་ཁུར་དང་གཅེས་སྐྱོང་འོག་བདེ་ཐང་ངང་འཚར་ལོངས་བྱུང་གི་ཡོད་པ་རེད།