ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས།

སྤེལ་དུས 2019-09-11 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་ཉིན། 2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཐོབ་པའི་འཐུས་མི་ལ་ཐུག་འཕྲད་གནང་། 
              ཟླ་དགུ་བའི་ཚེས་བཅུ་ཉིན། ཉིས་སྟོང་བཅུ་དགུ་ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།
              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྣམ་གཉིས་ཐུག་འཕྲད་ལ་ཞུགས།
              ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་ཕེབས་ཏེ་འཐུས་མི་རྣམས་ལ་ཕྱག་འཇུ་གནང་ཞོར་དུ་གླེང་མོལ་མཛད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་གཏམ་བཤད། ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་དཔེ་ལེགས་དགེ་རྒན་བདུན་བརྒྱ་དང་བཅོ་བརྒྱད་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་དོན་དགུ། རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་ལྔ་བརྒྱ་དང་གོ་བདུན། དེ་མིན་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་སྟོང་གཅིག་དང་བཞི་བརྒྱ་སོ་གཉིས་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོ་བྱ་བ་སྒྲུབ་མཁན་བརྒྱ་དང་ང་བརྒྱད་བཅས་ལ་གཟེངས་བསྟོད་བྱས།
              ཏེན་ཞའོ་ཞང་དང་ཁྲིན་ཞི། ཡུག་ཆོན། ཚེ་ཏ་ཧྥིན། ཞ་པོ་ལུང་བཅས་ཐུག་འཕྲད་ལ་ཞུགས།
རྩོམ་སྒྲིག་པ། སངས་སྐྱབས།