དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཅང་སུའུ་ཡིས་བོད་དུ་ཡོད་པའི་ཁེ་ལས་ནང་སློབ་ཆེན་སློབ་མ་550ལྷག་ཙམ་གསར་སྣོན་བྱས་ནས་ལས་ཞུགས་ཐུབ་པ་བྱ་རྒྱུའི་འཆར་གཞི་བྱས།

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་8ཉིན།“ལས་ཞུགས་ཀྱིས་བོད་སྐྱོར་བྱས་ཏེ། ཅང་སུའུ་ཚོང་པ་སྔོན་དུ་སྐྱོད”ཅེས་པའི་ཅང་སུའུ་ཞིང་ཆེན་གྱིས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་བོད་ལྗོངས་ཅང་སུའུ་ཚོང་ཚོགས་དང་དེ་བཞིན་བོད་ལྗོངས་སུ་ཡོད་པའི་ཅང་སུའུ་ཚོང་པའི་ཁེ་ལས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སློབ་ཆེན་སློབ་མའི་ལས་ཞུགས་དང་ལས་གཏོད་སྦྲེལ་མཐུད་ཀྱི་ཚོགས་འདུ་འཚོགས་པ་རེད།

འདི་ནི་བོད་ལྗོངས་ཅང་སུའུ་ཚོང་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དབར་ཁེ་ལས་མཉམ་འབྲེལ་གྱི་གྲོས་མཐུན་འཇོག་པའི་རྣམ་པ་རེད།
        ཚོགས་འདུའི་ཐོག་བོད་ལྗོངས་ཅང་སུའུ་ཚོང་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་ལག་རྩལ་སློབ་གླིང་སོགས་སློབ་གྲྭ་བདུན་གྱི་དབར་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱི་གྲོས་མཐུན་བཞག་ནས་ལས་ཞུགས་གསོ་སྦྱོང་སྒྲིག་གཞིའི་འཐུས་མིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མའི་ལས་ཞུགས་གསོ་སྦྱོང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། སུའུ་ཚོང་ཁེ་ལས་བཅུའི་འཐུས་མི་དང་སློབ་ཆེན་སློབ་མའི་ལས་ཞུགས་འཐུས་མིའི་དབར་ལས་ཞུགས་གྲོས་མཐུན་བཞག་སྟེ། མི550ལྷག་གསར་སྣོན་བྱས་ནས་ལས་ཞུགས་ཐུབ་པ་བྱ་རྒྱུའི་འཆར་གཞི་བྱས།  བོད་ལྗོངས་ཅང་སུའུ་ཚོང་ཚོགས་ཁོངས་གཏོགས་ཀྱི་སུའུ་ཚོང་དམངས་ཀྱི་གསར་གཏོད་ཀྱི་བར་སྟོང་དང་ཚོགས་མིའི་ཁེ་ལས་ཀྱི་འཐུས་མིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་གི་འཆར་གཞི་བཞག་ཅིང་། སྔོན་དཔག་བྱས་ན2020ལོའི་ལོ་མཇུག་ཏུ་སུའུ་ཚོང་དམངས་ཀྱི་ལས་གཏོད་བར་སྟོང་དུ་བཅའ་སྡོད་བྱས་པའི་ཁེ་ལས30ལས་བརྒལ་རྒྱུ་རེད། 

འདི་ནི་སུའུ་ཚོང་ཁེ་ལས་ཀྱི་འཐུས་མི་དང་སློབ་ཆེན་སློབ་མའི་འཐུས་མིས་ལས་ཞུགས་གྲོས་མཐུན་བརྗེ་རེས་བྱེད་པའི་རྣམ་པ་རེད།
        ཉེ་བའི་ལོ་ཤས་རིང་། ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡི་ཁྲིད་སྟོན་དང་རྒྱབ་སྐྱོར་འོག བོད་ལྗོངས་ཅང་སུའུ་ཚོང་ཚོགས་ཀྱི་ཏང་ཨུད་དང་ཚོགས་མིའི་ཁེ་ལས་ཀྱིས་བསྟུད་མར་མངའ་འོག་གི་ཁེ་ལས་ལ་ལས་ཞུགས་ཀྱི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱ་བར་སྐུལ་འདེད་བྱས་ཏེ། ལས་གཏོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། རྒྱལ་ནང་གི་ཚོང་ལས་རིག་པའི་རིག་མཛོད་ལ་བརྟེན་ནས་རིམ་པ་ཁག་གི་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང“གཉིས་གཏོད”ལས་དོན་གྱི་སྲིད་ཇུས་རབ་དང་རིམ་པ་ཧུར་ཐག་གིས་དང་ལེན་བྱས་ཏེ། “སྔོན་ལ་ལས་ཞུགས་དང་དེ་ནས་ལས་གཏོད་བྱེད་པ”དང་། “ཐོན་ཁུངས་རྣམ་པའི་ལས་གཏོད”“ཁྲོམ་རའི་རྣམ་པའི་ལས་གཏོད”“འབྲེལ་ཐག་རྣམ་པའི་ལས་གཏོད”སོགས་ཀྱི་ལས་ཞུགས་ལས་གཏོད་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ཤེས་ལྡན་པ་གྲབས་གསོག་དང་། སྤྱི་ཚོགས་ཡར་ཐོན་གྱི་ཆེད་དུ་ཐུན་མོང་ངང་ལས་ཞུགས་འགན་འཁྲི་འཁུར་བའི་ནུས་ལྡན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་གང་ལེགས་ཐུབ་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་བཞག་པ་རེད།
        ཚོགས་འདུའི་རྗེས་སུ། བོད་ལྗོངས་ཅང་སུའུ་ཚོང་ཚོགས་ཀྱིས་ད་དུང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ། ཅང་སུའུ་ཚོང་ཚོགས་བཙུགས་ནས་ལོ་ངོ་7འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བ་རེད།