ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་ནུབ་ཁུལ་ཡོངས་ཀྱི་ཏང་སྲིད་ལས་བྱེད་པའི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་བསྡུས།

སྤེལ་དུས 2019-09-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཁུལ་ཡོངས་ཀྱི་ཏང་སྲིད་ལས་བྱེད་པའི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་འགོ་གཙོ་བང་རོན་ཡུས་གསོ་སྦྱོང་འཛིན་གྲྭའི་མཛད་སྒོར་ཞུགས།

        གསོ་སྦྱོང་གི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་དང་འབྲེལ་བའི་བྱ་བའི་གཏམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཏང་ཀྲུང་དབྱང་དང་འབྲེལ་བའི་ཆོས་ལུགས་བྱ་བའི་ཡིག་ཆ་གལ་ཆེན་དང་གསར་དུ་བཟོ་བཅོས་བྱས་པའི ༼  ཆོས་ལུགས་ལས་དོན་སྲོལ་ཡིག  ༽ ལག་ལེན་དོན་འཁྱོལ་བྱེད་དགོས་པ་དང་། ཤུགས་ཆེན་པོའི་སྒོ་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆོས་ལུགས་བྱ་བའི་གཞུང་ལུགས་སྲིད་ཇུས་བྱང་ཚད་སྔར་ལས་ལྷག་པའི་ཇེ་མཐོར་བཏང་ཏེ། ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་ནས་བྱ་བའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་བྱས་ནས་རྒྱུན་ཆད་མེད་པའི་སྒོ་ནས་རང་ཁུལ་གྱི་ཆོས་ལུགས་བྱ་བ་བདེ་ཐང་སྒོས་འཕེལ་རྒྱས་སུ་སྐུལ་འདེད་གཏོང་རྒྱུ་དེ་རེད།

        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ནི་ཉིན་ལྔ་ཡིན་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཚོས་སློབ་མ་རྣམས་ལ་ཆོས་ལུགས་བྱ་བའི་གཞུང་ལུགས་དང་སྲིད་ཇུས་སློབ་ཁྲིད་བྱེད་རྒྱུ་རེད།
        རྒྱུས་ལོན་པ་ལྟར་ན། ཁུལ་ཡོངས་ཀྱི་སྐབས་གཉིས་པའི་ཏང་སྲིད་ལས་བྱེད་པའི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་སློབ་འགོ་འཛུགས་རྒྱུ་རེད།