དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་གློག་ཁང་ཨང་དང་པོ།

སྤེལ་དུས 2019-10-06 ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས་ལས་དྲངས། རྩོམ་པ་པོ།
         ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་རིང་།  ཀྲུང་གོ་གུང་ཁྲན་ཏང་གི་སྲ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག་དང་། མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་པང་དུ། བོད་ལ་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་རེ་རེ་བརྒྱུད་དེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་གི་ཨང་དང་པོ་མང་པོ་གཏོད་ནས་ཁ་སྐོང་མང་པོ་བྱས་ཡོད་ལ། མཆོངས་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱང་གཏོད་ཡོད། 

        བོད་ལྗོངས་ཀྱི་ཆུ་ཤུགས་གློག་ཁང་ཨང་དང་པོ། 
        རྔ་ཆེན་གློག་ཁང་། 

        སྤྱི་ལོ་༡༩༥༨ལོར་ལྷ་སའི་གྲོང་འདབས་སུ་བོད་ལྗོངས་ཀྱི་ཆུ་ཤུགས་གློག་ཁང་ཨང་དང་པོ་སྟེ་རྔ་ཆེན་གློག་ཁང་གསར་སྐྲུན་བྱེད་འགོ་ཚུགས་ཤིང་། དུས་ཡུན་ལོ་གཉིས་འཛུགས་སྐྲུན་བྱས་པ་བརྒྱུད་བེད་སྤྱོད་བྱེད་འགོ་ཚུགས། གློག་ཤིང་གྲལ་སྟར་སྒྲིག་པ།། རྔ་ཆེན་ལས་བྲེལ་ཆེ་བ།། གློག་སྐུད་འཐེན་ཐེངས་རེ་ལ།། ལྷ་ས་འོད་ཀྱིས་ཁེངས་སོང་།། ཞེས་པའི་དམངས་གཞས་དེ་ནི་ལྷ་སའི་མང་ཚོགས་རྣམས་ཀྱི་རྔ་ཆེན་གློག་ཁང་འཛུགས་སྐྲུན་བྱས་ནས་ཐོབ་པའི་ཕན་པ་སྙན་པོའི་དབྱངས་ལ་ལེན་པའི་གཞས་ཚིག་ཅིག་རེད།  

        དུས་རབས་གོང་མའི་ལོ་རབས་༦༠ནས་༧༠བར་བོད་ལྗོངས་སུ་ལྷ་སའི་གྲོང་ནུབ་གློག་ཁང་དང་། ལྷོ་ཁའི་འོལ་ཁ་གློག་ཁང་། གཞིས་རྩེའི་རྟ་ནག་གློག་ཁང་།  ཉིང་ཁྲིའི་བྲག་ཡིབ་གློག་ཁང་།  ཆབ་མདོའི་གློག་ཁང་།  ལྷ་སའི་གློག་ཁང་སོགས་ཀྱི་གློག་ཁང་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འཛུགས་སྐྲུན་བྱས་ཏེ་བོད་ལྗོངས་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་།  ཆུང་བ་ནས་ཆེ་བའི་བར་གྱི་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།

        དེང་གི་ཆར།  ཀྲུང་དབྱང་གིས་མ་འཇོག་འཛུགས་སྐྲུན་ལ་གཙོ་བོར་བརྟེན་པའི་རང་ལྗོངས་ཀྱི་ནུས་ཁོངས་ནི་ཆུ་གློག་གཙོ་བོ་བྱེད་པ་དང་།  ཚ་ནུས་དང་རླུང་ནུས།  ཉི་ནུས་སོགས་ཀྱི་གསར་དར་གྱི་ནུས་ཁུངས་མ་ལག་ཅིག་གྲུབ་ཡོད།  
རྩོམ་སྒྲིག་པ།སྣང་རྡོར།