ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཐོབ་མཁན་ཚེ་རིང་།

སྤེལ་དུས 2019-10-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

      རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཟླ9ཚེས27ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང665དང་དཔེ་བཟང་མི་སྒེར812ལ་གཟེངས་བསྟོད་བྱས། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཏང་ཨུ་དང་། ཞིན་ཧེ་རྫོང་ཏང་ཨུ། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་བཅས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་གཟི་བརྗིད་མཚན་སྙན་དང་། མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཚེ་རིང་། ཁྲི་ཀ་རྫོང་ཧོ་དབྱིན་གྲོང་རྡལ་སྲང་ལམ་ཤར་བའི་སྡེ་ཁུལ་གྱི་ཀྲི་པུའི་ཧྲུའུ་ཅི་ཡུས་དབྱིང་མེ། ཐུང་ཏེ་རྫོང་རྨ་བྱང་ཤང་དཀྱིལ་འཁོར་སྡེ་བའི་སྡེ་མི་གྲགས་པ་དང་མཚོ་སྔོན་གཙང་གསུམ་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཚེ་ཕྱུག་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་བཅས་གནང་བ་རེད། མཚོ་ལྷོ་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་རིང་དང་། གུང་ཧོ་རྫོང་གི་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པདྨ་དོན་འགྲུབ་གཉིས་རང་ཁུལ་གྱི་ཚབ་བྱས་ཏེ་པེ་ཅིན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་དང་དཔེ་བཟང་ཐུན་མོང་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས། 

    གཟེངས་བསྟོད་ཚོགས་ཆེན་བསྡུས་རྗེས། གཟེངས་བསྟོད་ཐོབ་པའི་མི700ལྷག་ཙམ་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་བཙུགས་ནས་གླུ་གཞས་ཞབས་བྲོ་ཆེ་གྲས《སྙན་ངག་གི་བསྟོད་འབུལ》ཞེས་པའི་ཆེད་དོན་འཁྲབ་སྟོན་ལ་བལྟས་པ་དང་མུའུ་ཐེན་ཡུས་ལྕགས་རི་རིང་པོ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་འགྲེམ་སྟོན་ཆེ་གྲས། རི་འགོག་དམག་འཁྲུག་དྲན་གསོ་ཁང་། ལུའུ་ཀོའུ་ཟམ་པ་བཅས་ལ་ལྟ་སྐོར་བྱས་པ་མ་ཟད། ཟླ10ཚེས1ཉིན་འཚོགས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ནས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་ལ་བལྟས་པ་རེད།

མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་རིང་། 
     མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གཞི་རིམ་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་མེས་རྒྱལ་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་ཆེན་མོ་ལ་རྟེན་འབྲེལ་ཞུ་བ་དང་བཅས་པེ་ཅིང་དུ་ཐེངས་བདུན་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་བྱེད་སྒོ་ཞུགས་པ་དང་། ཚོགས་ར་དང་མི་རིགས་ཁག་གི་ཕུལ་བྱུང་འཐུས་མི་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐེངས་དང་པོར་ཉན་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་བསམ་བློའི་ནང་དོན་ལྡན་པ་དང་བརྗེད་དཀའ་བའི་སློབ་ཁྲིད་ཐེངས་གཅིག་གནང་།གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ་དེ་ནི་ང་ཚོས་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་པས། མི་རིགས་ཁག་གི་བུ་ཕྲུག་གིས་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་མ་ཐེབས་ངེས། 
   བློ་མཐུན་ཚེ་རིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ཐོབ་པ་ནི་ཁོང་གི་མི་ཚེའི་ཁྲོད་ཀྱི་གཟི་བརྗིད་ཆེ་ཤོས་དེ་ཡིན། རྗེས་ཕྱོགས་ཀྱི་ལས་དོན་དང་འཚོ་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། རང་ཉིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་གྲངས་ཉུང་མི་རིགས་མང་ཚོགས་དང་ལག་རྡང་སྦྲེལ་ནས་དཔུང་བ་མཉམ་གཤིབ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་བྱ་ཐབས་དང་གཞི་རྟེན་གསར་གཏོད་ཧུར་ཐག་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལག་ལེན་བྱས་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་པར་ཧུར་བརྩོན་བྱེད་རྒྱུ་ཡིན་པར་བསྟན། 

   ཚེ་རིང་། ཕོ། བོད་རིགས།ཀྲུང་གུང་ཏང་ཡོན།ཆིག་སྟོང་དགུ་བརྒྱ་རེ་དགུ་ལོའི་ཟླ་བརྒྱད་པར་སྐྱེས་ཤིང་།མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་གྱི་མི་ཡིན།བསླབ་གནས་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་ཆེད་ལས་ཡིན་ཞིང་།ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་ཟླ་བདུན་པར་བྱ་བར་ཞུགས།སྔ་གཞུག་ཏུ་ཐུན་ཏེ་རྫོང་སློབ་གསོ་ཅུའུ།རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་།རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་།ཁུལ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སུ་བྱ་བ་སྒྲུབ་མྱོང་བ་དང་།ད་ལྟ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྟོག་ཞིབ་པ།པུའུ་ཀྲང་གཞོན་པའི་འགན་ཁུར་ཡོད་ཅིང་།གཙོ་བོ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་དོ་དམ་བྱེད་བཞིན་ཡོད།

    བློ་མཐུན་ཚེ་རིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྒྲུབ་པའི་ལོ་ངོ་ལྔའི་རིང་།གསར་སྐྲུན་བྱ་བ་དེ་གཙིགས་ཆེན་དུ་བཟུང་ནས་དཀའ་སྤྱད་འབད་བརྩོན་དང་།བྱ་བར་འབད་འབུངས་བྱས་ཏེ་ཁུལ་ཡོངས་ཀྱི་གསར་སྐྲུན་བྱ་བར་ཕན་འབྲས་མངོན་གསལ་བླངས་པ་དང་།རིམ་པ་སོ་སོའི་མགོ་ཁྲིད་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ།མཚོ་ལྷོ་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་གསར་སྐྲུན་བྱས་ཟིན་ལ།ཀོས་ནན་རྫོང་དང་།གུང་ཧོ་རྫོང་།ཞིན་ཧེ་རྫོང་དང་ཁུལ་མི་དམངས་སྨན་ཁང་བཅས་རྒྱལ་ཡོངས་ཀྱི་དཔེ་སྟོན་ལས་ཁུངས་སུ་གསར་སྐྲུན་བྱས་ཤིང་།འཛུགས་སྐྲུན་ལེགས་འགྲུབ་བྱས་པའི་མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་སློབ་གསོ་ཁང་གི་རེ་ཞུར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་ཆོག་མཆན་ཐོབ་པ་དང་།མཚོ་ལྷོ་ཁུལ་དེ་བསྟུད་མར་ལོ་གསུལ་ལ་ཞིང་ཆེན་གྱིས་ཁུལ་གསར་སྐྲུན་བྱ་བའི་ཆེད་སྤྱོད་རྒྱུགས་ལེན་དཔྱད་ཞིབ་ཀྱི་ཕུལ་བྱུང་ས་ཁུལ་ཡིན་པ་དང་།ཁུལ་ཡོངས་ཀྱི་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་པས་ལོ་གསུལ་ལ་གསར་སྐྲུན་བྱ་དགའ་ལོངས་སུ་སྤྱད་ཅིང་།མཚོ་ལྷོ་ཁུལ་གྱི་གསར་སྐྲུན་བྱ་བ་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད།
རྩོམ་སྒྲིག་པ།སྣང་རྡོར།