ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

སྤེལ་དུས 2019-10-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཟླ་ཚེ་ལྕགས་དྲ་ལས་སྣོན་ཚད་ཡོད་ཀུང་སི་དེ་2015ལོར་བཙུགས་པ་ཞིག་རེད། ཀུང་སི་དེས་རྩྭ་ཐང་གི་ལྕགས་དྲ་དང་། འགྱིག་བཏུམས་ལྕགས་དྲ། ཞ་སྐུད་རླུང་ཙི། ཚེར་སྐུད་དྲ་བ། ར་སྐོར་སོགས་ལས་སྣོན་ཐོན་སྐྱེད་བྱེད་པ་དང་2018ལོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད། ཀུང་སི་དེ་བཙུགས་མ་ཐག་ནས་ད་བར་ས་གནས་དེ་གའི་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་ཤུགས་ཆེན་བྱས་པ་དང་མིག་སྔའི་བར་ས་གནས་དེ་གའི་མང་ཚོགས་19(དུད་ཚང་དབུལ་པོའི་མི་3)ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། ཀུང་སི་དེས་ད་དུང་ལོ་ལྟར་དུད་ཚང་དབུལ་པོ་30ལ་དུད་ཚང་རེར་སྒོར་2000བགོ་འགྲེམས་རྒྱག་གི་ཡོད།
འདི་ནི་ཀུང་སི་དེའི་ལས་དོན་མི་སྣས་ཚེར་སྐུད་དྲ་བ་ལས་སྣོན་བྱེད་བཞིན་པ།

རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།