ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པ་མཇུག་སྒྲིལ་བ།

སྤེལ་དུས 2019-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་སྤེལ་ཅིང་། དུས་ཡུན་ཉིན་གསུམ་རིང་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་གྲོང་ཁྱེར་གསུམ་བརྒྱུད་དེ་སྤྱི་ལེ་300ལྷག་བརྒལ་བའི་2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པ་དེ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཇུག་སྒྲིལ་བ་རེད།
      ཡུག་རེན་ཁོའར་སི་ཀྲོའུ་ལས་རིགས་རུ་ཁག་ནས་ཡིན་པའི་པ་སི་ཐེ• ཝུའེ་ཐེ་ལིར་2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པའི་གཞུང་ལམ་རྐང་འཁོར་འགྲན་སྡུར་གྱི་མི་སྒེར་གྱི་སྦྱངས་འབྲས་ཁྲོད་ཨང་དང་པོ་བླངས་པ་དང་། ཡུག་རེན་ཁོའར་སི་ཀྲོའུ་ལས་རིགས་རུ་ཁག་གི་ཝུའེ་སི་གཡོད་ཁེ•ཨན་ཕུའུ་ལ་ཨང་གཉིས་པ་བླངས་ཤིང་། ཀྲུང་གོའི་ཧེ་ལུང་ཅང་རུ་ཁག་གི་ཉིའུ་དབྱི་ཁུའེ་ལ་ཨང་གསུམ་པ་བླངས་པ་རེད། གཞུང་ལམ་རྐང་འཁོར་འགྲན་བསྡུར་ཚོགས་པའི་ཨང་དང་པོ་ནི་ཡུག་རེན་ཁོར་སི་ཀྲོའུ་དབར་གྱི་ལས་རིགས་རུ་ཁག་ཡིན་པ་དང་། ཨང་གཉིས་པ་ནི་ཀྲུང་གོ་ཧེ་ལུང་ཅང་རུ་ཁག་དང་། ཨང་གསུམ་པ་ནི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡ་རུ་ཁག་རེད།

འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཡུལ་དངོས་རེད།
      “2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་དང་པོའི་ལས་ཀའི་རྨང་གཞི་དང་ཉམས་མྱོང་ཡོད་པས། 2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པ་སྤྱི་ཡོངས་ནས་བཤད་ན་ཡར་རྒྱས་ཆེན་པོ་བྱུང་ཡོད་དེ། ཐོ་འགོད་སྤྱིའི་གནས་ཚུལ་དང་འགྲན་སྡུར་མཇུག་རྫོགས་པའི་གནས་ཚུལ་ཚང་མ་ཧ་ཅང་བཟང་ཞིང་། འགྲན་ལམ་ཡང་ཧ་ཅང་བདེ་འཇགས་ཡིན་པར་མ་ཟད། འགྲན་སྡུར་གྱི་ལས་དོན་ཡང་ཧ་ཅང་བདེ་བླག་ཡིན”ཞེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་གྱི་ཀྲུའུ་རེན་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་དེ་ལྟར་བཤད། 
      ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་ཉང་ཆུ་དང་། ཡར་ཀླུང་གཙང་པོ། སྐྱིད་ཆུ་བཅས་ཆུ་བོ་གསུམ་གཙོ་ཐིག་བྱས་ཏེ་འགྲན་སྡུར་གཉིས་དང་། འགྲན་དུམ་གསུམ་ཇུས་བཀོད་བྱས་ཤིང་། ལུས་རྩལ་དང་དཔལ་འབྱོར། ཡུལ་སྐོར། སྨན་བཅོས། རིག་གནས་བཅས་དང་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་ཉེ་བའི་ལོ་ཤས་རིང་གི་མི་སེར་གྱི་འཚོ་བའི་ཆུ་ཚད་དང་སྲིད་གཞུང་གིས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བཏང་བའི་ཕན་འབྲས་མངོན་པར་བྱས་ཡོད།

འདི་ནི་བདམས་ཐོན་པས་ཡར་ཀླུང་གཙང་འགྲམ་དུ་རྐང་འཁོར་ཞོན་པའི་རྣམ་པ་རེད།
      རྒྱུས་ལོན་བྱུང་བ་ལྟར་ན། འགྲན་བསྡུར་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་རྒྱལ་ཁབ་རྐང་འཁོར་མཐུན་ཚོགས་ཀྱིས་རྒྱལ་ནང་གི་ཆུ་ཚད་མཐོ་བའི་རྐང་འཁོར་ཤན་འབྱེད་པའི་ཚོགས་ཆུང་གདན་དྲངས་ནས་འགྲན་བསྡུར་ལ་མཛུབ་ཁྲིད་དང་། རོགས་རམ། ཁྲུན་གཅོད་བྱེད་པ་བརྒྱུད་ནས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཤན་འབྱེད་པ་གསོ་སྦྱོང་བྱས་ཏེ། བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཤན་འབྱེད་པའི་ཚོགས་ཆུང་རིམ་བཞིན་གནད་སྨིན་དང་རྒྱ་ཆེར་བཏང་ཞིང་། སྟོབས་ཤུགས་ཀྱང་རིམ་བཞིན་ཆེ་རུ་བཏང་བ་རེད། ད་ལོའི་གཙོ་འགྲན་གཞུང་ལམ་རྐང་འཁོར་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྒྱལ་ཁབ་རྐང་འཁོར་མཐུན་ཚོགས་ཀྱིས་མངགས་གཏོང་བྱས་པའི་ཤན་འབྱེད་པ་རྒན་གྲས་ཀྱིས་ཤན་འབྱེད་བྱས་ཤིང་། ཟུར་འགྲན་རི་ཁུལ་རྐང་འཁོར་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཤན་འབྱེད་པས་ཤན་འབྱེད་བྱས་པ་རེད།

འདི་ནི་འགྲན་དུམ་གཉིས་པའི་འགྲན་བསྡུར་ཡུལ་དངོས་སུ་བདམས་ཐོན་པ་ཚོས་འགྲན་སྡུར་མགོ་ཚུགས་ནས་ཕྱིར་མཆོང་བའི་རྣམ་པ་རེད།
      “འགྲན་བསྡུར་འདི་ཕྱིས་སུ་བོད་ལྗོངས་སུ་སྤེལ་བར་མ་ཟད། རིམ་བཞིན་ཧི་མ་ལ་ཡ་བརྒལ་ཏེ‘རྒྱུད་གཅིག་ལམ་གཅིག’ལམ་ཐིག་གི་རྒྱལ་ཁབ་ནང་དུ་བཅུག་ནས་འཛམ་གླིང་དུ་ཁ་ཕྱོགས་དགོས། ང་ཚོས་འགྲན་བསྡུར་འདི་མི་ཚང་མས་ཡིད་སྨོན་བྱེད་ས་དང་མི་ཚང་མ་ཞུགས་འདོད་པའི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཏུ་འགྱུར་བར་བརྩོན་དགོས། ད་ལོ་རྒྱལ་སྤྱིའི་ཆེད་ལས་ལུས་རྩལ་པ་འགྲན་སྡུར་ནང་དུ་ཞུགས་པས་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡ་རུ་ཁག་དང་པོའི་ཆུ་ཚད་མགྱོགས་པོར་མཐོ་རུ་ཕྱིན་པ་དང་། ཆུ་ཚད་མཐོ་བའི་ལུས་རྩལ་པ་དང་འགྲན་རྩོད་བྱེད་པའི་གོ་རིམ་ཁྲོད་རུ་མི་ཚོས་ཀྱང་ཁོང་ཚོའི་མཐར་སོན་པའི་གཟུགས་པོའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཡོད། ང་ཚོའི་རེ་བ་ཡིན་ན་མ་འོངས་པར་ཆུ་ཚད་འདི་ལས་ཀྱང་མཐོ་བའི་རྒྱལ་སྤྱིའི་ལུས་རྩལ་པ་དང་མཉམ་དུ་འགྲན་བསྡུར་བྱ་རྒྱུའི་གོ་སྐབས་ཐོབ་ནས། སྔར་ལས་ཀྱང་མང་བའི་ལས་ཞོར་བདམས་ཐོན་པ་དེ་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་དང་དུས་མཚུངས་སུ་ཆེད་ལས་བདམས་ཐོན་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་ཟླ་བ་དོན་གྲུབ་ཀྱིས་བཤད།