ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལི་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གཅིག་པ་པེ་ཅིན་ནས་ཚོགས།

སྤེལ་དུས 2019-10-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། 
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གཅིག་པ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད། ཚོགས་ཐོག་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཞེ་གཅིག་པ་ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་པེ་ཅིན་ནས་བསྡུ་རྒྱུའི་ཐག་བཅད།
             རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝེ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ཐད་ནས་སྙན་ཞུ་ཕུལ།
             ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྟེང་གསང་ཨང་བཅའ་ཁྲིམས་འཆར་ཟིན་དང་དམངས་དོན་བཅའ་ཁྲིམས་གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་འཆར་ཟིན། ནགས་ཚལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། སྡོད་ཁུལ་ཡོ་བསྲང་བཅའ་ཁྲིམས་འཆར་ཟིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུ་སྐོར་གྱི་གྲོས་གཞི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུ་སྐོར་གྱི་གྲོས་གཞི། ནར་མ་སོན་པའི་མིའི་ཉེས་བཟོ་བྱེད་པར་སྔོན་འགོག་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞི་སོགས་ལ་གྲོས་ཞིབ་བྱེད་རྒྱུའི་གྲོས་གཞི་བཏོན།
             ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་ད་དུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་ཤེར་ཚན་ཆུང་གི་མཐོ་རིམ་སློབ་གསོ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་རྒྱུ་སོགས་ཀྱི་གྲོས་གཞི་བཏོན།
རྩོམ་སྒྲིག་པ། སངས་སྐྱབས།