ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲིའི་བྱེད་སྒོ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་ལྡན་པའི་འཕེལ་རྒྱས།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྒོ་མེ•དོན་ཚེ་དང་དཔལ་འཛོམས།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཚོགས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་ཞིང་། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་སྨྱན་སྦྱོར་་ལས་ཁུངས་13དང་ཁྱོན་བསྡོམས་གསར་འགོད་པ་20ཞུགས་པའི“ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་ལྡན་པའི་འཕེལ་རྒྱས།”ཞེས་པའི་2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲིའི་བྱེད་སྒོ་ཉེ་ལམ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།

              ཐེངས་འདིའི་བཅར་འདྲིའི་བྱེད་སྒོ་ནི་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར། ། འགན་འཁྲི་ཡིད་ལ་དམ་པོར་བཅངས། །” ཞེས་པའི་བརྗོད་དོན་སློབ་གསོ་ལག་ཏུ་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཐེངས་འདིའི་བཅར་འདྲིའི་བྱེད་སྒོར་གཤམ་གྱི་ཁྱད་ཆོས་ཆེན་པོ་གསུམ་ཡོད་དེ།
               གཅིག་ནི་རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ། གྲོས་གཞིར་འགན་འཁུར་བའི་ལས་ཁུངས་ཀྱིས་ཐེངས་འདིའི་བཅར་འདྲིའི་བྱེད་སྒོའི་སྒྲིག་འཛུགས་ཞིབ་ཚགས་སྒོས་བསྒྲུབས་པ་དང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་སྟེ། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་ཞི་ཀླུ་ཁོ་རྒྱལ་སོགས་འགོ་ཁྲིད་བློ་མཐུན་གྱིས་ཇུས་གཞི་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཧའེ་ལན་གྱིས་བཅར་འདྲི་བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་གནང་བ། ན་གོར་མོ་གྲོང་ཁྱེར་དང་། གཏར་ལེན་ཁ་གྲོང་ཁྱེར། མང་ཨེ་གྲོང་ཁྱེར། དུར་ལམ་རྫོང། དབུས་ལམ་རྫོང་། ཐེམ་ཆེན་རྫོང་། ཚྭ་འདམ་གཞུང་ས་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞི་ཚང་མ་བཅར་འདྲིའི་མཛད་སྒོར་ཞུགས་པར་མ་ཟད་བཅར་འདྲི་དང་ལེན་བྱས་པ་རེད།

               མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཟླ་གཉིས་ལྷག་གི་རིང་ལ་ཕྲ་ཞིང་ཞིབ་པའི་གྲ་སྒྲིག་བྱས་པ་བརྒྱུད། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲིན་ལེན་གྱིས་ཚོགས་གཙོའི་འགན་བཞེས་ཤིང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལྟེ་གནས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་དོན་གྲུབ་ཚེ་རིང་གཙོ་བྱས་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་གཞུང་ལས་ཁང་གི་ཀྲུའུ་རེན་ཡན་ཀྲུང་ཝུའུ་ཡིས་ཚོགས་གཙོ་གཞོན་པའི་འགན་བཞེས་ནས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཆེད་དོན་གྲོས་ཚོགས་ཐེངས་མང་འཚོགས་ཏེ། གསར་འགྱུར་བཅར་འདྲི་བྱ་ཡུལ་དང་། གསར་འགོད་པའི་འགྲོ་འདུག་ཟ་འཐུང་སོགས་ལ་ཞབས་ཞུ་བྱེད་པ་བཅས་ཀྱི་ཐད་བཀོད་སྒྲིག་འཐུས་ཚང་བྱས་ནས་བྱེད་སྒོ་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང།
              གཉིས་ནི་“བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ”གང་ལེགས་སྒོས་སྤེལ་བ་དང་དོན་འཁྱོལ་ལག་བསྟར་བྱེད་ཆེད་སྨྱན་སྦྱོར་ལས་ཁུངས་13བྱེད་སྒོའི་ཁྲོད་ཞུགས་ནས། རླུང་འཕྲིན་དང་བརྙན་འཕྲིན་ལས་གཞན་ད་དུང་དྲ་ལམ་དང་སྐད་འཕྲིན་སོགས་ཀྱི་སྨྱན་སྦྱོར་སྣ་མང་སྤྱད་དེ། ཕྱོགས་ཡོངས་ནས་ཀུན་ལ་མཚོ་ནུབ་སྲིད་གྲོས་ཀྱི་ལས་དོན་མཐའ་དག་དྲིལ་བསྒྲགས་བྱས་པ། 

              གསར་འགོད་པ་རྣམས་གཞི་རིམ་དུ་བསྐྱོད་དེ། ས་གནས་ཁག་གི་སྲིད་གྲོས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བྱ་བར་རྒྱུས་ལོན་བྱས་ཤིང་། འཐབ་ས་དང་པོའི་གསར་འགྱུར་གྱི་ཁུངས་སྣེ་སྔོག་འདོན་བྱས་ནས། མཐོང་ཐོས་མྱོང་གསུམ་བརྙན་མིག་ཏུ་ཕབ་ཅིང་ཤོག་དཀར་ངོས་སུ་བྲིས་ཏེ། དུས་རབས་གསར་པའི་ནང་བཞུད་ལམ་གསར་པར་བསྐྱོད་པ་དང་ལས་འགན་གསར་པ་སྒྲུབ་པའི་བསམ་པའི་སྒུལ་ཤུགས་ལ་སྐུལ་སློང་བྱས་ནས། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པ་དང་། མཚོ་ནུབ་ཁུལ་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་རྒྱ་སྐྱེད་བཏང་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར། ། འགན་འཁྲི་ཡིད་ལ་དམ་པོར་བཅངས། །”ཞེས་པའི་བསམ་བློ་སྔར་ལས་གཏིང་ཟབ་སྒོས་དོན་འཁྱོལ་བྱས་པ་དང་། སྲིད་གྲོས་ཀྱི་ལས་བྱེད་པས་འགན་འཁྲི་སྒྲུབ་པའི་ལག་ལེན་གསོན་ཉམས་ལྡན་པའི་ངང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱས།
 
              གསུམ་ནི་སྐད་རིགས་སྣ་མང་སྒོས་གསར་འགྱུར་སྤེལ་བ། དྲིལ་བསྒྲགས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཀྲུང་གོའི་བོད་ལྗོངས་དྲ་བ་དང་། ཞིང་ཆེན། ཁུལ་བཅས་ཀྱི་སྨྱན་སྦྱོར་ལས་ཁུངས་13གྱི་གསར་འགོད་པ་20བཅར་འདྲི་བྱེད་པར་གདན་འདྲེན་ཞུས་ཤིང་། “ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་ལྡན་པའི་འཕེལ་རྒྱས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། མཚོ་ནུབ་ཁུལ་གྱི་རིམ་པ་ཁག་གི་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཚར་ལོངས་ཡོང་བའི་འབད་བརྩོན་གྱི་བརྒྱུད་རིམ་དང་བསྟུན་ནས། གསར་འགོད་པའི་བཅར་འདྲི་ཚོགས་པ་ཡོངས་མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་གསུམ་དང་། རྫོང་གསུམ། སྲིད་འཛིན་ས་ཁུལ་གཅིག་བཅས་སུ་ཟབ་ཞུགས་བྱེད་དུ་བཅུག་སྟེ། སྲིད་གྲོས་ལས་ཁུངས་འཛུགས་སྐྲུན་དང་“དཔུང་ཁག་གཉིས”འཛུགས་སྐྱོང་། སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ། “དཔལ་འབྱོར་འཕེལ་རྒྱས”ལ་སྐུལ་འདེད་བཏང་ནས“དམངས་འཚོ་ལེགས་བཅོས”དང་“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།” “གསར་བརྗེའི་སློབ་གསོ་”དང་ས་ཁུལ་སོ་སོའི་ཁྱད་ཆོས་ལྡན་པའི་ལས་དོན་རྒྱུ་ཆ་འཚོལ་བསྡུ་དང་དྲིལ་བསྒྲགས་ཀྱི་རིན་ཐང་ལྡན་པའི་བྱ་གཞག་སྔོག་འདོན་བྱས་ནས། མཚོ་ནུབ་ཁུལ་གྱི་རིམ་པ་ཁག་གི་སྲིད་གྲོས་ཀྱིས་ལོ་ངོ་70རིང་ལ་འབད་བརྩོན་བྱས་པའི་བརྒྱུད་རིམ་དང་། ལོ་རྒྱུས་བརྒྱུད་རིམ་ཁྲོད་སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་མཐུད་འབད་བརྩོན་བྱས་པའི་གཏམ་རྒྱུད་སྣ་ཚོགས་དང་། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་སྙིང་སྟོབས་དྲིལ་བསྒྲགས་བྱས།
 
              དེ་དང་ལྷན་དུ། བཅར་འདྲིའི་བྱེད་སྒོས་སྐད་རིགས་མི་འདྲ་བའི་མི་རྣམས་ཀྱི་དགོས་མཁོར་དམིགས་ཏེ། བོད་སྐད། རྒྱ་སྐད། སོག་པོའི་སྐད་བཅས་སྐད་རིགས་གསུམ་གྱི་ལམ་ནས་ཕྱི་ལ་དྲིལ་བསྒྲགས་བྱས། གསར་འགྱུར་གྱི་གོ་ཆོད་ཡུན་ཚད་ལ་དམིགས་ནས། བཅར་འདྲི་ཚན་ཆུང་གིས་དུས་ཐོག་ཏུ་དྲ་ངོས་དང་འཕྲིན་སྟེགས་སོགས་སུ་གསར་འགྱུར་སྤེལ་ཅི་ཐུབ་བྱས་ཤིང་།  མིག་སྔའི་བར་ཏུ། བསྡོམས་པས་གསར་འགྱུར་200ལྷག་ཙམ་སྤེལ་ཟིན་ལ། གཞན་ཡང་ཟླ་11པའི་ཚེས་8ཉིན་ནས་བཟུང་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལམ་ནས་གཙོ་གནད་གསར་འགྱུར་མཉམ་བསྒྲགས་ཁྲོད་དུ“ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་ལྡན་པའི་འཕེལ་རྒྱས”ཞེས་པའི་ཆེད་སྒྲིག་ལེ་ཚན་གཅིག་བསྡུས་ཀྱིས་གཏོང་བཞིན་ཡོད།

              ཟླ་ཕྱེད་ལྷག་གི་རིང་ལ་བཅར་འདྲི་བྱས་པ་བརྒྱུད། བཅར་འདྲི་ཚོགས་པའི་ཁོངས་མིས་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་ཀྱི་མཚོ་ནུབ་གསར་པ་དངོས་སུ་མཐོང་བ་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་འཚོ་བ་དངོས་སུ་མྱངས་ཤིང་། མཛེས་སྡུག་ལྡན་པའི་མཚོ་ནུབ་ཀྱི་ཡུལ་ལྗོངས་ལ་རོལ་མྱོང་ཐེངས་གཅིག་བྱས་པ་རེད།