དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

► ལྷ་སའི་བུ་མོ་འདི་དངོས་གནས་ལས་སླ་པོ་མི་འདུག

སྤེལ་དུས 2019-11-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཟླ་10ཚེས་15ཉིན་གྱི་དགོང་མོ་ལྷ་མོའི་འཁྲབ་སྟོན་ལྟེ་གནས་སུ་དམིགས་བསལ་གྱི་རོལ་དབྱངས་འདུ་ཚོགས་ཤིག་བདེ་བླག་ངང་གཉེར་ཞིང་། རོལ་དབྱངས་འདུ་ཚོགས་དེའི་ཐོག་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་དང་བསྔགས་བརྗོད་བྱ་ཡུལ་དུ་གྱུར་པ་ནི་རྒྱན་གོས་སྤྱན་བསྟར་ཡིན་པ་དང་།  གང་དེར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་དེང་གི་དར་སྲོལ་རིག་གནས་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་གཅིག་ཏུ་བསྡུས་པའི་བཟོ་ལྟ་སྣ་ཚོགས་ཀྱི་བོད་ཆས་འགྲེམས་སྟོན་བྱས།  དེ་ཡང་གྱོན་ཆས་དེ་དག་ནི་བོད་ལྗོངས་འོད་ཟེར་རིག་གནས་ཡུལ་སྐོར་བློ་གསར་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་ཡིན་པ་དང་། ཀུང་སི་དེས་ད་དུང་རོལ་དབྱངས་མཚན་ཚོགས་ཧྲིལ་པོའི་མཛེས་འཆོས་དང་རྒྱན་གོས་སྤྱན་བསྟར་ནང་ཞུགས།  གཞན་ཡང་། འདི་ལོ་གང་སར་སྐད་གྲགས་ཆོད་པའི་གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པའི་ནང་གི་རྒྱན་གོས་ཚང་མ་ཀུང་སི་དེས་བཟོས། 

རྒྱན་གོས་སྤྱན་བསྟར། 

བོད་ལྗོངས་འོད་ཟེར་རིག་གནས་ཡུལ་སྐོར་བློ་གསར་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བདེ་སྒྲོན། 

ཀུང་སི་དེས་ཡར་འབྲོག་གཡུ་མཚོའི་ངོགས་སུ་སྐུ་མགྲོན་ལ་གཉེན་སྒྲིག་གི་པར་རྒྱག་བཞིན་པ། 
          བོད་ལྗོངས་འོད་ཟེར་རིག་གནས་ཡུལ་སྐོར་བློ་གསར་སྨྱན་སྦྱོར་ཚད་ཡོད་ཀུང་སི་འཛུགས་མཁན་བདེ་སྒྲོན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་བུ་མོ་ཞིག་ཡིན་ཞིང་། བདེ་སྒྲོན་ཆུང་དུས་ནས་ཕ་མའི་ཤུགས་རྐྱེན་བཟང་པོའི་འོག་གྱོན་ཆས་འཆར་འགོད་དང་། མཛེས་འཆོས་སོགས་ལ་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ལྡན་ཡོད། 2006ལོར་བདེ་སྒྲོན་གྱིས་ཀྲུང་དབྱང་ཟློས་གར་སློབ་གླིང་ནས་ཟློས་གར་འཁྲབ་མཁན་ལ་རྣམ་པ་འདོན་སྟངས་སྦྱངས་རྗེས། པེ་ཅིང་དཔལ་འབྱོར་སློབ་གླིང་གློག་བརྙན་བརྙན་འཕྲིན་ཚན་ཁག་ནས་གློག་བརྙན་འཁྲབ་མཁན་ལ་རྣམ་པ་འདོན་སྟངས་སྦྱངས་པ་དང་ཆབས་ཅིག པེ་ཅིང་གི་ཧན་གོའི་ལི་ཅ་ཙི་རྣམ་པ་འདོན་ཁང་དུ“དར་སྲོལ་གྱི་བྱུག་རྫས་བསྐུ་སྟངས་དང་རྣམ་པ་འདོན་སྟངས”སྦྱངས། 

བདེ་སྒྲོན་གྱིས་ལྷ་མོ་བར་མཛེས་བཟོ་བྱེད་བཞིན་པ། 
         ལྷ་སར་ཕྱིར་ལོག་རྗེས། བདེ་སྒྲོན་གྱིས་ཟློས་གར་ཚོགས་པ་ཕུད། ད་དུང་བོད་ཀྱི་གློག་བརྙན་འཁྲབ་མཁན་ལ་བྱུག་རྫས་བསྐུ་མཁན་མེད་པ་རྟོགས། སྐབས་དེ་དུས་ཀྱི་བདེ་སྒྲོན་ནི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཉིན་རེའི་གསར་འགྱུར་མཉམ་བསྒྲགས་དང་། དྲིལ་བསྒྲགས་པར་གཞི། མཚན་ཚོགས་སྣ་ཚོགས་ཀྱི་མཛེས་འཆོས་མཁན་དང་གྱོན་ཆས་ཀྱི་དོ་དམ་པ་ཞིག་ཀྱང་རེད། 2011ལོར་བདེ་སྒྲོན་གྱིས་ཕ་མ་དང་གྲོས་བསྡུར་བྱས་རྗེས། རང་ཉིད་ཀྱི“བདེ་སྒྲོན་རྣམ་པ་འདོན་ཁང”བཙུགས་པ་རེད། 

བདེ་སྒྲོན་གྱིས་ལྷ་མོ་འཁྲབ་མཁན་ལ་བྱུག་རྫས་བསྐུ་བཞིན་པ། 
2014ལོར་བོད་ཀྱི་རང་གི་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་དང་། རང་གི་མཐོང་རྒྱ་ཆེ་རུ་གཏོང་བ། དེ་བཞིན་ཕྱིས་འབྱུང་གི་འཆར་འགོད་གསར་གཏོད་ལ་དཔྱད་གཞི་བསྡུ་རུབ་བྱ་ཆེད། བདེ་སྒྲོན་གྱིས་བརྙན་འཕྲིན་ལས་ཁུངས་ཀྱི་ལས་ཀ་ནས་དོན་ཏེ། གཞིས་རྩེ་དང་། ནག་ཆུ། ལྷོ་ཁ། ཉིང་ཁྲི་སོགས་ས་ཁུལ་མང་པོར་ཉམས་མྱོང་གསོག་པར་བསྐྱོད། 2018ལོར་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་གསར་གཏོད་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་བཟང་པོ་བཏོན་པས། བདེ་སྒྲོན་གྱིས་གོ་སྐབས་དམ་འཛིན་གྱིས་བོད་ལྗོངས་འོད་ཟེར་རིག་གནས་ཡུལ་སྐོར་བློ་གསར་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཙུགས།  དེང་རབས་ཅན་གྱི་འཆར་འགོད་ཀྱི་འདུ་ཤེས་ལྡན་པའི་ཀུང་སི་འདི་ཉིད་བཙུགས་པ་ནས་བཟུང་། བོད་ཀྱི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་སྙིང་བཅུད་དང་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་སྦྲགས། དེང་རབས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་དམིགས་བསལ་ཉམས་འགྱུར་མངོན་པར་བྱས།
 

2006ལོར་ཀྲུང་དབྱང་ཟློས་གར་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་བདེ་སྒྲོན།
          2018ལོའི“ཀྲུང་དབྱང་ཁེ་ལས་ཀྱིས་འདམ་གཞུང་གི་འཕེལ་རྒྱས་ལ་རམ་འདེགས་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི”སྐོར་འཁྲབ་བྱེད་སྒོའི་མཛེས་འཆོས་མཁན་གྱི་འགན་འཁུར་བ་ཡིན་པའི་བདེ་སྒྲོན། 

          བདེ་སྒྲོན་གྱིས་མིག་སྔར་རང་ཉིད་ཀྱིས་བྱེད་པའི་ལས་ཀ་ནི་གྲོངས་ཟིན་པའི་གཉེན་ཉེ་ཚོར་སེམས་གསོ་དང་རྗེས་དྲན་བྱེད་སྟངས་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་ཞིང་། ཁོང་གིས“ལྷག་པར་དུ་ནང་མི་དང་གྲོགས་པོ་ཚོས་རང་ཉིད་ཀྱི་ལས་གཏོད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རང་ཉིད་ཀྱིས་མི་རིགས་རིག་གནས་འཕེལ་རྒྱས་གཏོང་བའི་ཐད་འབད་བརྩོན་དང་ལེགས་སྐྱེས་འབུལ་མཁན་ཕ་མེས་ཚོའི་སྙིང་སྟོབས་རྒྱུན་འཛིན་དང་བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སྔར་བས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། བོད་ཀྱི་མི་རིགས་རྒྱན་གོས་རིག་གནས་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ལ།   རང་ཉིད་ཀྱི་འབད་བརྩོན་བརྒྱུད་མི་དེ་བས་མང་བས་བོད་ཀྱི་གཏིང་ཟབ་པའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་རྟོགས་པར་བྱེད་པ་དང་དེང་སྐབས་ཀྱི་ཐབས་ལ་བརྟེན་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་འཛམ་གླིང་ཕྱོགས་སུ་ཁྱབ་ཐུབ་པའི་རེ་བ་ཡོད”ཅེས་བཤད། 

བདེ་སྒྲོན་གྱིས་བོད་ཀྱི་ཕུལ་བྱུང་གཞས་པ་ནོར་བུ་བསམ་གྲུབ་ལ་བྱུག་རྫས་བསྐུ་བཞིན་པ། 

བདེ་སྒྲོན་གྱིས་ཇུས་འགོད་བྱས་པའི་བོད་ཀྱི་ས་གནས་ཁག་གི་རྒྱན་གོས། 
རྩོམ་སྒྲིག་པ། བདེ་སྒྲོལ།