དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་བརྙན་མཐོང་སྦྲེལ་མཐུད་གནང་བ།

སྤེལ་དུས 2019-12-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་བརྙན་མཐོང་སྦྲེལ་མཐུད་གནང་ནས་ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་གྱི་རླངས་ཤར་གཏོང་ཐུབ་པའི་མཛད་སྒོར་དཔང་པོ་གནང་བ།

             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་2ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་མཐོང་སྦྲེལ་མཐུད་གནང་ནས། ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་གྱི་རླངས་ཤར་གཏོང་ཐུབ་པའི་མཛད་སྒོར་དཔང་པོ་གནང་ཡོད། 
             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཞུགས་ཡོད།
             ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་དེ་སོ་ཆིར་ཕེབས་པའི་ཙུང་ཐུང་ཕུའུ་ཅིང་ལ་ཁམས་བདེའི་འཚམས་འདྲི་ཞུས་ཡོད།
             ཞི་ཅིན་ཕིང་གིས་རང་བྱུང་རླངས་སྦུབས་ལམ་གྱི་རླངས་ཤར་གཏོང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་རྒྱ་ཆེའི་འཛུགས་སྐྲུན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཁོང་གིས། ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་ནི་ཀྲུང་གོ་དང་ཨུ་རུ་སུའི་ནུས་ཁུངས་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་རེད་ལ། ཕྱོགས་གཉིས་པོས་མཉམ་འདྲེས་གཏིང་ཟབ་དང་མཉམ་ལས་གཉིས་རྒྱལ་བྱེད་པའི་དཔེ་མཚོན་ཞིག་ཀྱང་རེད། སྤྱི་ལོ་2014ལོར། ངོས་ནས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་རྣམ་གྲངས་དེའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་བྱས་ཡོད། ལོ་ལྔ་ལྷག་སོང་རིང་། རྒྱལ་ཁབ་གཉིས་པོའི་ཨར་ཞུགས་ཚན་པས་རོགས་ལས་དམ་ཟབ་བྱས་པ་དང་། རྒྱ་ཆེའི་འཛུགས་སྐྲུན་པས་གངས་འཁྱགས་ལ་མ་འཛེམས་པར། དཀའ་བ་བརྒྱ་དང་ངལ་བ་སྟོང་སྤྱད་དེ། ཆུ་ཚད་མཐོ་ལ་སྤུས་ཚད་ལེགས་པའི་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱས་ནས། འཛམ་གླིང་ལ་རྒྱལ་ཁབ་ཆེན་པོའི་ལག་ཤེས་པའི་རྩེར་སོན་ལག་རྩལ་དང་། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་ཡོད།  དངོས་སུ་རླངས་ཤར་གཏོང་ཐུབ་པ་དེ་ནི་གཅིག་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ལ།  དེ་བས་ཀྱང་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་ཞིག་རེད། ཕྱོགས་གཉིས་པོས་དུས་བདེ་དང་། སྦགས་མེད། གོང་འཕེལ། མཛའ་གྲོགས་བཅས་ཀྱི་སྦུབས་ལམ་ཞིག་གཏོད་དེ་འབད་པ་ཆེན་པོས་སྦུབས་ལམ་འཛུགས་སྐྲུན་དང་རླངས་ཤར་གཏོང་ཐུབ་རྒྱུར་བདེ་འཇགས་ཀྱི་འགན་སྲུང་བྱེད་དགོས་པ་དང་། སྦུབས་ལམ་འགྲམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།
             ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན།  ངོས་ནས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།  ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་མུ་མཐུད་རང་སོའི་ཕྱི་འབྲེལ་གྱི་སྔོན་ལ་གོང་འཕེལ་གཏོང་བའི་ཁ་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐག་བཅད་ཡོད།   མིག་སྔར།  ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་རྒྱལ་ཁབ་གོང་འཕེལ་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཤིང་།  ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའང་དུས་རབས་གསར་པར་སླེབས་ཡོད།  ཕྱོགས་གཉིས་པོས་ཡང་འབད་བསྐྱར་འབད་ཀྱིས་ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་འདྲ་བའི་རྣམ་གྲངས་ཆེན་པོ་མང་པོ་གཏོད་དེ་རྒྱལ་ཁབ་གཉིས་པོའི་གོང་འཕེལ་ལ་སྐུལ་འདེད་དང་།  རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
             ཕུའུ་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་དུས་བཟང་འདིར།  ཨུ་རུ་སུ་དང་ཀྲུང་གོའི་ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་གྱི་རླངས་ཤར་གཏོང་ཐུབ་པ་དེར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་  ཅིང་།  དེས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ།  སྤྱི་ལོ་2014ལོར།  ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་དང་ལྷན་དུ་རྣམ་གྲངས་དེའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་བྱས་ཚུན།  ཕྱོགས་གཉིས་པོའི་ཚོགས་པས་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་ནས་ལས་ཀ་ཧུར་ཐག་བྱས་ཏེ་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱས་ཡོད།  འབྱུང་འགྱུར་གྱི་ལོ་ངོ་སུམ་ཅུའི་རིང་།  ཨུ་རུ་སུས་ཀྲུང་གོར་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་ཆིག་ཁྲི་ཟིན་པའི་རང་བྱུང་རླངས་མཁོ་འདོན་བྱ་རྒྱུ་ཡིན།  དེས་ངོས་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་བྱུང་བའི་སྤྱི་ལོ་2024ལོར་སླེབས་དུས་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་2000ལས་བརྒལ་བ་བྱ་རྒྱུའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་རོགས་རམ་ཐུབ་སྲིད།  ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཚོན་རྟགས་རང་བཞིན་གྱི་འཐབ་ཇུས་མཉམ་ལས་རྣམ་གྲངས་དེ་བདེ་བླག་ངང་ལག་བསྟར་ཐུབ་རྒྱུར་འགན་སྲུང་བྱ་རྒྱུ་འདོད་ཡོད་ཅེས་གསུངས་ཡོད།
             ཀྲུང་གོ་དང་ཨུ་རུ་སུའི་སྐུ་ཚབ་ནས་ཁག་སོ་སོར་ཧེ་ཧོ་དང་། ཨ་ཐ་མན་སི་ཁ་ཡ།  ཆ་ཡང་ཅིན་བཅས་སྦུབས་ལམ་འགྲམ་རྒྱུད་ཀྱི་ས་ཚིགས་གསུམ་པོར་གཏམ་བཤད་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ། ཨུ་རུ་སུས་ཀྲུང་གོར་རླངས་མཁོ་འདོན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན། ཀྲུང་གོས་རླངས་འདྲེན་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་སྙན་སེང་ཞུས་ཡོད།
             ཕུའུ་ཅིང་གིས། རླངས་མཁོ་འདོན་བྱེད་པའི་བཀའ་བཏང་བ་དང་། 
             ཞི་ཅིན་ཕིང་གིས། རླངས་འདྲེན་རྒྱུའི་བཀའ་བཏང་གནང་ཡོད།
             དེ་མུར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
             ཡང་ཅེ་ཁྲེ་དང་།  ཝང་དབྱི།  ཧོ་ལི་ཧྥོང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།
             ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་རང་བྱུང་རླངས་སྦུབས་ལམ་ནི་ཨུ་རུ་སུའི་ཤར་ཤི་པོ་རི་ཡ་ནས་པུ་ལ་གེ་ཝུའེ་ཧྲེན་སི་ཁེ་བརྒྱུད་དེ་རང་རྒྱལ་གྱི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཧོ་བར་ཡིན་ཞིང་།  ཨུ་རུ་སུའི་མངའ་ཁོངས་སུ་སྦུབས་ལམ་གྱི་རིང་ཚད་སྤྱི་ལེ་3000ཙམ་ཡོད་པ་དང་། རང་རྒྱལ་གྱི་མངའ་ཁོངས་སུ་གསར་སྐྲུན་བྱས་པའི་སྦུབས་ལམ་སྤྱི་ལེ་3371ཟིན་ཞིང་།  འཛུགས་སྐྲུན་ཟིན་པའི་སྦུབས་ལམ་སྤྱི་ལེ་1740བེད་སྤྱོད་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།