ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་བདེ་གསལ་སྒོ་རའི་ནང་གི་དགོད་སྒྲ།

སྤེལ་དུས 2020-01-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཟླ་1ཚེས་15ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་གསལ་སྒོ་རའི་ནང་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་དང་། ཉེ་འགྲམ་ནས་ཡོང་བའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བའི་གྲོང་མི་མཉམ་འཛོམས་བྱས་ཏེ་གླུ་ལེན་གར་འཁྲབ་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུས་པ་རེད།
འདི་ནི་ཟླ་1ཚེས་15ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བདེ་གསལ་སྒོ་རའི་ནང་ལྷ་མོ་འཁྲབ་བཞིན་པ།
འདི་ནི་ཚེས་15ཉིན་མི་རྣམས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་གསལ་སྒོ་རའི་ནང་ལྷ་མོ་ལྟ་བཞིན་པ།
རྩོམ་སྒྲིག་པ། རྡོ་རྗེ།