ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་བོད་མཐོ་སྒང་གི་སྲོག་ཆགས་རྣམས་ལག་བཟོས་རྩེད་ཆས་སུ་འགྱུར་སྐབས་སྙིང་རྗེ་པོ་འདུག

སྤེལ་དུས 2020-01-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒན་རྒྱའི་རྩྭ་ཐང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཆགས་ཤིང་། མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་སུ་གནས་ཡོད། འདི་གར་རྩྭ་ཐང་དང་། བརླན་ས། ནགས་ཚལ། མཚེའུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ས་བབ་ཀྱི་རྐྱེན་པས་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད་ལ། དུས་བྱ་མང་པོ་ཞིག་གིས་རྒན་རྒྱ་ནི་གནས་སྤོ་བྱ་ཡུལ་གྱི་ས་ཚིགས་སུ་བྱས་ཤིང་། རི་སྐྱེས་སྲོག་ཆགས་རྩ་ཆེན་འགའ་ཞིག་སྟེ་དཔེར་ན་གསའ་གཟིག་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱང་རྒན་རྒྱ་རུ་འཚོ་སྡོད་བྱས་མྱོང་། པར་རིས་འདི་ནི་དབྱར་དུས་ཀྱི་རྒན་རྒྱའི་རྩྭ་ཐང་ཡིན། 

           2019ལོའི་ཟླ་10པར། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག་རྒན་རྒྱ་ས་ཁུལ་གྱི་འབྲོག་པ་མང་པོ་ཞིག་དང་བླངས་ཇུས་འགོད་པའི་མཛུབ་ཁྲིད་དང་གསོ་སྦྱོང་བྱས་ཏེ་ལུག་བལ་གྱིས་བཟོས་པའི་“མཚོ་བོད་མཐོ་སྒང་གི་སྲོག་ཆགས”ཞེས་པ་བརྗོད་དོན་བྱས་པའི་ལག་བཟོས་རྩེད་ཆས་རབ་དང་རིམ་པ་མང་པོ་ཞིག་བཟོས་པ་རེད། པར་རིས་འདི་ནི་ལུག་བལ་གྱི་ལག་བཟོས་རྩེད་ཆས་འཕྱི་བ་ཡིན། 

           ལག་ཤེས་རྩེད་ཆས་ཁག་དང་པོ་བཟོས་ཚར་རྗེས་ཚང་མའི་གདེང་འཇོག་ཡག་པོ་ཐོབ་པ་དེས་མི་དེ་བས་མང་པོས་མཚོ་བོད་མཐོ་སྒང་གི་སྲོག་ཆགས་ལ་རྒྱུས་ལོན་ཐུབ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པས། མི་རྣམས་ཀྱིས་སྲོག་ཆགས་ལ་དོ་ཁུར་དང་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ད་དུང་རྒན་རྒྱའི་ལུག་བལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་ས་གནས་དེ་གའི་འབྲོག་པ་རྣམས་ལ་མཚོན་ན་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་ཐབས་གསར་པ་ཞིག་ཏུ་གྱུར་ཡོད། པར་རིས་འདི་ནི་ལུག་བལ་གྱི་ལག་བཟོས་རྩེད་ཆས་འབྲི་གཡག་ཡིན། 

           བན་དེ་མཁར་ནི་གསོ་སྦྱོང་ནང་ཞུགས་པ་མང་ཤོས་ཀྱི་མི་སྣའི་གྲས་ཤིག་ཡིན་ལ་ཧུར་བརྩོན་རང་བཞིན་ལྡན་པའི་སློབ་མ་ཞིག་ཀྱང་ཡིན། ད་ལྟ་ཁོང་གིས་སློབ་མ་གསར་པར་ལག་ཤེས་རྩེད་ཆས་བཟོ་བའི་གསོ་སྦྱོང་གི་འགན་འཁུར་གྱིན་ཡོད།“ངའི་བསམ་པར་ང་རང་གིས་ཕ་ཡུལ་ལ་ནུས་ཤུགས་འདོན་ཐུབ་པས་ཧ་ཅང་དགའ་པོ་བྱུང་། ” པར་རིས་འདི་ནི་བན་ཏེ་མཁར་དང་རྒན་རྒྱའི་ས་ཁུལ་གྱི་འབྲོག་པས་བཟོས་པའི་ལག་ཤེས་རྩེད་ཆས་ཡིན། 

ལུག་བལ་གྱི་ལག་བཟོས་རྩེད་ཆས་རི་བོང་དང་བྱི་བ། 
ལུག་བལ་གྱི་ལག་བཟོས་རྩེད་ཆས་ཝ་ནག་གི་སྨྱུག་ཤུབས། 
ལུག་བལ་གྱི་ལག་བཟོས་རྩེད་ཆས་ཝ་དམར། 
ལུག་བལ་གྱི་ལག་བཟོས་རྩེད་ཆས་རྒན་རྒྱའི་ལུག 

ལུག་བལ་གྱི་ལག་བཟོས་རྩེད་ཆས་གསའ་གཟིག 

རྩོམ་སྒྲིག་པ། རིག་གྲོལ།