ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་ཆུང་བྱིས་པའི་དཔྱིད་གསར་དགོང་ཚོགས་ཀྱི“སྙིང་རྗེ་བའི་བྱིས་པ”རྣམས་ཀྱིས་པེ་ཅིང་དུ་ལྟ་སྐོར་བྱས།

སྤེལ་དུས 2020-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།ཉེ་ཆར།བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་སློབ་ཆུང་གི་སློབ་མ་40དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གུང་ཐང་ཤང་སློབ་ཆུང་གི་སློབ་མ་20ལས་གྲུབ་པའི་བྱིས་པའི་མཉམ་གཞས་ཚོགས་པ་པེ་ཅིང་དུ་འབྱོར་བྱུང་།ཁོང་ཚོའི་ཁྲོད་ཀྱི་བྱིས་པ་ཆུང་ཤོས་ནི་ལོ་7དང་ཆེ་ཤོས་ནི་ལོ12ཡིན།
        “རབ་ཏུ་བཞད་པའི་ཉི་དགའི་མེ་ཏོག”ཅེས་པའི་2020ལོའི་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སུ་ལེ་ཚན་འཁྲབ་སྟོན་དང་ཕབ་སྐྲུན་བྱས་རྗེས། “སྙིང་རྗེ་བའི་བྱིས་པ”ཚོས་པེ་ཅིང་ལ་འཚོལ་ཞིབ་བྱེད་པའི་འགྲུལ་བཞུད་ཀྱི་མགོ་བརྩམས་ཏེ་ཀྲུང་ཧྭའི་རིག་གནས་ལ་རྒྱུས་ལོན་དང་།རྒྱལ་སའི་མཛེས་སྡུག་ལ་མྱོང་རོལ་བྱས།

“སྙིང་རྗེ་བའི་བྱིས་པ”རྣམས་ཀྱི་པར་རིས།
        ཟླ1པོའི་ཚེས18ཉིན།“སྙིང་རྗེ་བའི་བྱིས་པ”ཚོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་གནམ་བདེ་སྒོ་མོ་ཆེའི་མཁར་རྫོང་དང་མཉམ་པར་བརྒྱབ་པ་དང་།ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་སོང་ནས་ཧྭ་ཞ་རིག་གནས་ཀྱི་རྒྱུན་རིང་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱས་པར་མ་ཟད།ཡོན་མིང་ཡོན་སྐྱེད་ཚལ་ལ་ལྟ་སྐོར་བྱས་ནས་བཙན་རྒྱལ་རིང་ལུགས་ཀྱིས་མིའི་རིགས་ཀྱི་ཤེས་རིག་ལ་གཏོར་བཤིག་ཚབས་ཆེན་བཏང་རྗེས་སུ་བཞག་པའི་གྱང་རོ་སོགས་ཀྱི་ཤུལ་དངོས་ལ་ལྟ་སྐོར་བྱས་པ་དང་།བྱ་ཚང་གི་མདུན་ནས་སྐོར་བྲོ་འཁྲབ་སྟེ་ཐོན་ལ་ཉེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཟབ་རྒྱས་ཆེ་བའི་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོའི་གླུ་སྐད་དང་ཞབས་བྲོ་ཕུལ་བ་རེད།

“སྙིང་རྗེ་བའི་བྱིས་པ”ཚོ་དང་དགེ་རྒན་རྣམས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བླངས་པའི་མཉམ་པར།
        “སྔོན་ཆད་དཔེ་ཆའི་ཐོག་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་མཐོང་མྱོང་བ་ཡིན།དེ་རིང་རང་ཉིད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལངས་པ་ན།ད་གཟོད་དེ་འདྲའི་ཆེ་བ་དང་དེ་འདྲའི་བརྗིད་ཉམས་ལྡན་པ་རྟོགས་བྱུང”ཞེས་དགུ་གསུམ་པའི་གྲང་ངར་གྱིས་བྱིས་པ་རྣམས་ཀྱིས་ཐེངས་དང་པོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དངོས་སུ་མཐོང་བའི་སྤྲོ་སེམས་ཡལ་བར་འཇུག་མ་ཐུབ་པར།ཁོ་ཚོས་དགའ་སྤྲོ་ཆེན་པོའི་ངང་དེ་ལྟར་རང་ཉིད་ཀྱི་སེམས་ཁམས་མཚོན་པར་བྱས།

“སྙིང་རྗེ་བའི་བྱིས་པ”ཚོས་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

“སྙིང་རྗེ་བའི་བྱིས་པ”ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་དུས་སུ་པེ་ཅིང་ཀྲུང་ནན་ཧའེ་ཡི་ཤིན་ཧྭ་སྒོ་ཁའི་ནང་རོལ་དུ་བཀལ་བའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཤིང་བྱང་ལ་ལྟ་སྐོར་བྱེད་བཞིན་པ།

“སྙིང་རྗེ་བའི་བྱིས་པ”ཚོས“བཀྲ་ཤིས་ཚོན་མདངས་ཀྱི་བདེ་བ—2020ལོའི་དཔྱིད་གསར་དུས་ཆེན་གྱི་འགྲེམས་སྟོན”ལ་ལྟ་སྐོར་བྱེད་བཞིན་པ།

“སྙིང་རྗེ་བའི་བྱིས་པ”ཚོས་“བཀྲ་ཤིས་ཚོན་མདངས་ཀྱི་བདེ་བ—2020ལོའི་དཔྱིད་གསར་དུས་ཆེན་གྱི་འགྲེམས་སྟོན”ཁྲོད་ཀྱི་ཀྲོའུ་རྒྱལ་རབས་དུས་ཀྱི་རིག་དངོས་ལ་ལྟ་སྐོར་བྱེད་བཞིན་པ།
        འདམ་གཞུང་རྫོང་ནས་ཡོང་བའི་ལོ11ལ་སླེབས་པའི་བསྟན་འཛིན་ཆོས་སྒྲོན་དང་ལོ་12ལ་སླེབས་པའི་ཚེ་རིང་གཉིས་ཀྱིས་པེ་ཅིང་ལ་ཡིད་སྨོན་ཆེན་པོ་བྱེད་ཅིང་།ཁོ་གཉིས་ཀྱིས་ཕུགས་འདུན་ཆེན་པོ་ཞིག་ནི་སློབ་དེབ་ནང་བརྗོད་པའི་གནའ་བོའི་ཕོ་བྲང་དང་ཡོན་མིང་ཡོན་ལ་དངོས་སུ་ལྟ་རྒྱུ་དེ་ཡིན་པ་དང་།ཁོ་གཉིས་ཀྱིས་སློབ་གྲོགས་ཚོའི་མངགས་བཅོལ་ལྟར་ལམ་གང་བོར་ལག་ཁྱེར་ཁ་པར་གྱིས་རྩ་ཆེ་བའི་དུས་ཚོད་རེ་རེ་བཞིན་བརྙན་དུ་ཕབ་ནས་ཕྱིར་ལོག་རྗེས་སློབ་གྲོགས་ཚོར་མཉམ་སྤྱོད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད།
        ལྷ་ས་གྲོང་ཁྱེར་ནས་ཡོང་བའི་ལོ་9ལ་སླེབས་པའི་སྒྲོལ་མ་མེ་ཏོག་གིས་བཤད་རྒྱུར།“ང་ཚོ་ཚང་མ་ཐོག་དང་པོར་པེ་ཅིང་དུ་ཡོང་བ་ཡིན་ཞིང་།པེ་ཅིང་འདི་ང་ཚོའི་སེམས་ནང་གི་པེ་ཅིང་ལས་ཀྱང་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད།ང་རང་གླུ་ལེན་རྒྱུར་ཧ་ཅང་དགའ་པོ་ཡོད་པས་ཁ་སང་ཀྲུང་གོའི་རོལ་དབྱངས་སློབ་གླིང་དུ་སོང་བ་ཡིན།ང་རང་གནས་དེར་ཧ་ཅང་དགའ་པོ་ཡོད་པ་དང་།རྗེས་ཕྱོགས་རང་གིས་ཀྲུང་གོའི་རོལ་དབྱངས་སློབ་གླིང་དུ་རྒྱུགས་འཕྲོད་པར་སྨོན།དེ་ལྟར་བྱས་ན་ང་རང་པེ་ཅིང་དུ་ཡོང་ནས་སློབ་གྲྭར་འགྲོ་ཐུབ”ཅེས་བཤད།

“སྙིང་རྗེ་བའི་བྱིས་པ”ཚོས་ཡོན་མིང་ཡོན་སྐྱེད་ཚལ་ལ་ལྟ་སྐོར་བྱེད་པའི་རྣམ་པ།

“སྙིང་རྗེ་བའི་བྱིས་པ”ཚོས་བྱ་ཚང་དུ་ལྟ་སྐོར་བྱེད་པའི་པར་རིས།
        བྱིས་པའི་མཉམ་གཞས་ཚོགས་པའི་རུ་སྣེ་འཁྲིད་མཁན་དགེ་རྒན་ཝང་མའེ་ཡིས་གསར་འགོད་པར་བཤད་རྒྱུར།“ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་རླངས་འཁོར་བསྐོར་ན་ཆུ་ཚོད་ལྔར་འགྲོ་དགོས་པ་དང་།དེ་ནས་དིང་རི་རྫོང་ཉི་ཤར་ཤང་དུ་ཆུ་ཚོད་བཞི་ལྷག་ལ་འགྲོ་དགོས་པ་ཡིན།ལོ་འགའི་སྔོན་ལ།ང་རང་ཐོག་དང་པོར་དེར་སླེབས་དུས་ས་དེའི་རང་བྱུང་ཁོར་ཡུག་ཧ་ཅང་སྡུག་པོ་ཡིན་པ་དང་།ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4246ཡིན་པས། ས་མཐོའི་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་།གནམ་གཤིས་སྐམ་ཤས་ཆེ་བ།གང་སར་མྱ་ངམ་ཐང་རྒོད་ཀྱིས་ཁྱབ་པ་ཞིག་ཡིན”ཞེས་བཤད།
        ཝང་མའེ་ཡིས་ཐེངས་འདིའི་འགྲུལ་བཞུད་ཀྱི་བསམ་འདུན་ཐོག་མ་གླེང་བ་སྟེ།“2018ལོར་དིང་རི་རྫོང་གི་དབུལ་ཞྭ་ཕུད་པ་དང་།རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་སློབ་གྲྭའི་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཧ་ཅང་ཡག་པོ་ཡོད་ཅིང་།ཞིང་འབྲོག་པའི་བུ་ཕྲུག་གིས་འོས་འགན་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལོངས་སུ་སྤྱད་དེ།བཟའ་སྡོད་དང་སློབ་ཡོན་འགན་ལེན་བྱེད་པར་མ་ཟད།ད་དུང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་བྱེད་པ་དང་།ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་སོགས་ལོངས་སུ་སྤྱོད་ཀྱི་ཡོད།ངས་སློབ་མ་ཚོའི་ཉིན་རེའི་ཟས་ཐུན་རེ་རེར་སྒོ་ང་དང་།ཤའོ་མ།སྔོ་ཚལ།ཤིང་འབྲས་བཅས་ཡོད་པ་དང་།རྫོང་དང་།ཤང་དང་གྲོང་རྡལ་དང་།གྲོང་ཚོ་བཅས་གང་ཡིན་རུང་།བཟོ་སྐྲུན་ཆེས་མཛེས་ཤིང་ཡག་པ་ནི་སློབ་གྲྭ་ཡིན་པ་མཐོང་།ངས་ཁོ་ཚོའི་དངོས་པོའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་མོད།འོན་ཀྱང་བསམ་པའི་འཚོ་བ་ད་དུང་བལྟོས་བཅས་ཀྱིས་མི་འདང་བ་རྟོགས་ཏེ།བྱིས་པ་ཚོར་ལྷན་སྐྱེས་ཀྱི་སྙན་ཞིང་འཇེབས་པའི་སྐད་ངག་ཡོད་པར་མ་ཟད་གླུ་ལེན་རྒྱུར་ཡང་དགའ་པོ་ཡོད་པས།ངས་གླུ་གཞས་མཉམ་གཏོང་ཚོགས་པ་འཛུགས་རྒྱུ་ཡིད་ལ་ཤར་ཞིང་།སྲིད་གཞུང་གི་རོགས་རམ་འོགའདི་ལས་སྟེགས་སུ་བྱས་ནས་ལོ་ལྟར་བྱིས་པ་ཚོ་ས་གནས་ཁག་ཏུ་བསྐྱོད་དེ་གླུ་གཞས་བླངས་ནས་ཕན་ཚུན་དབར་འབྲེལ་འདྲིས་དང་།ལྟ་སྐོར་འཚམས་འདྲི་བྱས་ཏེ་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཆུར་མྱོང་རོལ་བྱས་ནས་དུས་རབས་གསར་པའི་བསྟོད་གླུ་ལེན་པ་ཡིན”ཞེས་བཤད།