དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁ་སང་ཧུང་ཡོན་རྩྭ་ཐང་ལ་མེ་སྐྱོན་ཆེན་པོ་བྱུང་།

སྤེལ་དུས 2020-02-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         ཁ་སང་དུས་ཚོད་གཅིག་ཡར་མར་དུ་རྔ་བ་ཁུལ་གྱི་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་རི་རྒན་སྡེ་བའི་རྩྭ་ཐང་ལ་མེ་སྐྱོན་བྱུང་བ་དང་། རྩྭ་ཐང་ལ་སྐམ་ཞད་ཆེ་བ་དང་དེའི་ཁར་རླུང་ཆེན་པོ་གཡུག་བཞིན་ཡོད་པས། ས་མུའུ4000ལྷག་གི་རྒྱ་ཁྱོན་ལ་མེ་ཡིས་བསྲེག མཚན་མོའི་དུས་ཚོད9དང་སྐར་མ50སྟེང་མེ་གསོད་ཐུབ་པ་དང་། མེ་ཤོར་བའི་གནས་སུ་ཕྱུགས་ཟོག་དང་སྒྲིག་བཀོད་གལ་ཆེན་མེད་པས།  མི་དང་ཕྱུགས་ཟོག་སོགས་ཤི་བ་དང་རྨས་མེད་པ་མ་ཟད།  ཁང་བ་དང་ཕྱུགས་ལས་སྒྲིག་བཀོད་ལ་གནོད་སྐྱོན་ཐེབས་མེད་པ་དང་། མང་ཚོགས་ཀྱི་རྒྱུན་ནོར་ལ་གྱོང་གུད་ཐེབས་མེད་པ་རེད།

         མེ་སྐྱོན་བྱུང་བའི་གནས་ཚུལ་གྱི་སྙན་ཞུ་ཐོས་མ་ཐག་ཏུ་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱིན་ལིས་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་གང་མགྱོགས་ཀྱིས་མེ་སྐྱོན་ཚོད་འཛིན་བྱས་ཏེ། མེ་སྐྱོན་ལས་འབྱུང་སྲིད་པའི་གནོད་པར་སྔོན་འགོག་བྱ་དགོས་ཤིང་། ངེས་པར་དུ་མི་ལ་གནོད་འཚེ་མི་ཡོང་བ་བྱ་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་མྱུར་དུ་མེ་གསོད་མེ་འགོག་དང་མེ་སྐྱོན་གྱི་གནོད་འཚེ་སྔོན་འགོག་དང་མེ་གསོད་མི་སྣའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། མེ་ཤོར་བའི་རྒྱུ་རྐྱེན་རྩད་ཆོད་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་དབྱང་ཁེ་ཉིང་གིས་ཀྱང་མེ་སྐྱོན་ཐག་གཅོད་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ཐབས་བརྒྱ་ཇུས་སྟོང་གིས་མེ་སྐྱོན་ལ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན། 

         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མེ་སྐྱོན་ཁྲོད་དུ་མེ་གསོད་རླངས་འཁོར5དང་།  ཆེད་སྤྱོད་མེ་གསོད་ལག་ཆ60།  དེ་མིན་སྤྱི་བདེའི་ཉེན་རྟོག་པ60དང་དྲག་ཆས་དམག་མི180ལྷག ས་དེའི་མང་ཚོགས200ལྷག་དང་གཞན་སྦྲ་ཆེན་གྲོང་རྡལ་དང་ཁྱུང་མཆུ་གྲོང་རྡལ།  ཨ་མོས་ཡུལ་ཚོ་དང་རྨེ་བ་ཡུལ་ཚོ་སོགས་ཉེ་འཁོར་གྱི་གྲོང་རྡལ་དང་ཡུལ་ཚོ་ནས་ཡོང་བའི་དམངས་དམག་དང་མང་ཚོགས200ལྷག  ཧུང་ཡོན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་དང་འཕྲལ་བསྟུན་དོ་དམ་ཅུས།  ཚན་རྩལ་དང་ཞིང་ཕྱུགས་ཅུས་ཀྱི་ལས་བྱེད་པ་སོགས་མེ་གསོད་ལ་ཞུགས།  རྔ་བ་ཁུལ་ནགས་ཚལ་མེ་གསོད་ཡན་ལག་རུ་ཁག་གིས་མངག་གཏོང་ལྟར་ཟུང་ཆུ་རྫོང་གི་མེ་གསོད་རུ་ཁག་གི་མི40ལྷག་མེ་གསོད་ལ་ཞུགས།

         མིག་སྔར། མེ་གསོད་ཐུབ་པ་དང་དུས་ཚོད24རིང་ལ་ལྟ་ཞིབ་བྱེད་བཞིན་ཡོད་ཅིང་།  མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ།སྣང་རྡོར།