ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དངོས་སྒྲུབ་གཙོ་བོར་བྱས་ནས་ལམ་ཡག་པོ་བསྐྲུན་པ།

སྤེལ་དུས 2020-02-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—འཕྱོངས་རྒྱས་རྫོང་གི“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་གྱི་བསྡུས་རིས།

འདི་ནི་འཕྱོངས་རྒྱས་རྫོང་འགྲིམ་འགྲུལ་ལས་དོན་པས་ལས་ཡུལ་དངོས་སུ་གཞུང་ལམ་སྐྲུན་རྩིས་བྱེད་པའི་བརྟག་ཞིབ་བྱེད་བཞིན་པ།
འདི་ནི་སྐྲུན་འགོ་ཚུགས་པའི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོའི་གྲོང་གསེབ་གཞུང་ལམ་ཡིན་པ།
འདི་ནི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་ཞིང་འབྲོག་པས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་བཞིན་པ།
          ཉིན་ཤས་གོང་། གསར་འགོད་པས་2019ལོའི་ལྗོངས་ཡོངས་ཀྱི“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ཉེ་བའི་ལོ་གསུམ་ནང་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་17འཛུགས་སྐྲུན་བྱས་པར་ལམ་ཐག་སྤྱི་ལེ་67ཟིན་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.2བཏང་བ་མ་ཟད། རྫོང་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་རྣམ་གྲངས་ལས་མཇུག་འགྲིལ་ཚད་དང་ཚད་ལོན་ཚད་100%ཟིན་ཡོད།
          འཕྱོངས་རྒྱས་རྫོང་བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་མངའ་ཁོངས་སུ་ཤང་3དང་གྲོང་རྡལ་1སྲིད་འཛིན་གྲོང་ཚོ(གྲོང་ལྷན)20དང་ཁྱོན་མི་འབོར་ཁྲི་1.89ཡོད་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི་1.66ཟིན་ཡོད། རྫོང་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་ཚང་མར་སྣུམ་ནག་ལམ་བཏིང་བ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། རང་བྱུང་གྲོང་ཚོ་71ལས་70ལ་སྣུམ་ནག་ལམ་བཏིང་བ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་98%ཟིན་པ། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་9ལས་8ལ་སྣུམ་ནག་ལམ་བཏིང་བ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་88%ཟིན་ཡོད། ད་དུང་སྒྲིག་ཚུད་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་གྱི་དུས་གཏན་ལམ་ཐིག་བཟོས་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།