ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་མེ་འཁོར་ས་ཚུགས་ཀྱི་ལས་སྒྲུབ་པར་བོད་སྨན་ཞལ་འདེབས་སུ་ཕུལ་བ།

སྤེལ་དུས 2020-02-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

       བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་དམག་འཐབ་མཁར་རྫོང་སྔར་བས་བརྟན་དུ་བཏང་ནས། བོད་ཀྱི་གསོ་པ་རིག་པའི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱ་ཆེད། ཟླ་2ཚེས་22ཉིན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གློ་ནད་ཚན་ཞིབ་ལས་དོན་མི་སྣ་ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁུལ་ཏེ་ལྷ་ས་གྲོང་ཁྱེར་གྱི་མེ་འཁོར་ས་ཚུགས་ཀྱི་ཞིབ་དཔྱད་ས་ཚུགས་སུ་བསྐྱོད་ནས་བོད་སྨན་“འཕྲུལ་ཐང་”སྤྲད་པ་རེད།

       བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཡུམ་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལས་འགན་ལེགས་འགྲུབ་ཡོང་བའི་ཆེད་དུ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལས་དུས་འཕར་མ་བྱས་ནས་འབྲེལ་ཡོད་སྨན་རྫས་གྲ་སྒྲིག་བྱས་པ་མ་ཟད། སྨན་དོན་མི་སྣ་བཀོད་སྒྲིག་བྱས་ནས་མཛུབ་ཁྲིད་དང་སྡེབ་སྐྱེལ་བྱས་ཏེ། མེ་འཁོར་ས་ཚུགས་ཀྱི་ཉེན་ཆེའི་ལས་དོན་མི་སྣ་500ལྷག་ཙམ་གྱི་ཉིན་5ཡི་འཐུང་ཚད་འགན་ལེན་བྱས་པ་རེད། ཉིན་དེར་ཁྱོན་སྒམ་ལྔ་སྟེ་ཁུག་མ་1250སྤྲད་པ་རེད། 
       “ང་ཚོའི་སྨན་ཁང་གིས་ད་དུང་སྨན་རྫས་བཟོ་རྒྱུར་དམ་འཛིན་བྱས་ནས། དེ་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ས་ཚུགས་9ཡི་མི་གྲངས་1000ལྷག་ཙམ་གྱི་སྨན་ཚད་ཐོན་སྐྱེད་བྱས་ནས་ཁོང་ཚོའི་ལག་ཏུ་སྐྱེལ་གང་ཐུབ་བྱེད་ཀྱི་ཡོད”ཅེས་ཡུམ་པས་བཤད།

རྩོམ་སྒྲིག་པ།སྣང་རྡོར།