ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀན་སུའུ་ཀན་ལྷོའི་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན།

སྤེལ་དུས 2020-02-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སངས་རྒྱས་བཀྲ་ཤིས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་བྱུང་པ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་གཙུགས་སུ་བཟུང་ནས། རིམས་ནད་རྒྱ་ཡན་དུ་མཆེད་པར་འགོག་བཅོས་ཏན་ཏིག་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ཏེ། ཉིན་མཚན་མེད་པར་ལས་གནས་བརྟན་སྲུང་བྱས་ནས།  དཔྱིད་དཔལ་བཞད་པར་རེ་བས་ཁེངས་ཡོད།

ཞིབ་བཤེར་ས་ཚིགས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་གྱི་ལས་བྱེད་པ།

 སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་ལས་བྱེད་པས་ཉིན་མཚན་མེད་པར་ཞིབ་བཤེར་ས་ཚིགས་བརྟན་པོ་སྲུང་བ།
          ཉིན་ཤས་བསྟུད་མར། ཤང་དང་གྲོང་རྡལ་ཁག་གིས་གྲོང་ཚོ་འགན་གཙང་ལེན་གྱི་ལས་བྱེད་པའི་རུ་ཁག་བཙུགས་ནས། གྲོང་ཚོ་ཁག་ཏུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་དུ་འབྲེལ་ཡོད་ཉེན་ཁར་ལྟ་བཤེར་བྱས་པ་མ་ཟད། མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་། དེའི་ཐད་ཀྱི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱ་ཁག་གསལ་བཤད་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ནད་ཡམས་ངོས་འཛིན་དང་། འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལུགས་མཐུན་འགོག་བཅོས་བྱེད་པ་བཅས་ཀྱི་ཕྱོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཞིབ་ཅིང་ཕྲ་བར་སྤེལ། ས་ཆ་གཞན་ནས་ཕྱིར་ལོག་མཁན་དང་ལྷག་པར་དུ་ཝུའུ་ཧན་བརྒྱུད་ནས་ཕྱིར་ལོག་མཁན་ལ་ལྟ་བཤེར་ཞིབ་ཚགས་བྱས་ཤིང་། དུད་ཁྱིམ་རེའི་མི་རེར་བདེ་ཐང་ཡིག་ཚགས་ཡོད་པའི་ལས་དོན་འཐུས་སྒོ་ཚང་བར་བསྒྲུབ་ནས་སྡེ་ཁུལ་གྱི་སྲུང་ཐག་དམ་དུ་བཏང་།
གཞི་རིམ་ལས་བྱེད་པས་བོད་རྒྱ་སྐད་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་ཐང་ལག་དེབ་འགྲེམ་པ།
འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་ལས་བྱེད་པ་དུད་ཚང་རེ་རེ་བསྐྱོད་ནས་ཕྱིར་ལོག་མི་སྣ་ལྟ་བཤེར་བྱེད་པ།
          ལྟ་བཤེར་བྱས་པ་བརྒྱུད། ཞིང་ཆེན་ཕྱི་ནས་ལོག་མཁན་དག་ཁྱིམ་དུ་ལོགས་སུ་བཀར་ནས། གྲོང་ཚོ་འགན་གཙང་ལེན་གྱི་ལས་བྱེད་པ་དང་། བདེ་ཐང་ཆེད་བསྐོས་པ་དང་། བདེ་ཐང་སྨན་པ་བཅས་ཀྱིས་ཉིན་ལྟར་ལུས་དྲོད་བརྟག་དཔྱད་ཚད་ལེན་དང་འཕྲོད་བསྟེན་དུག་སེལ་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། མང་ཚོགས་ལ་རིམས་ནད་བྱུང་རིང་ཕྱིར་མི་འགྲོ་བ་དང་། ཡུལ་སྡེ་ཡར་མར་མི་འགྲིམ་པ། དཀྲོག་གཏམ་ལ་མི་རློམ་ཞིང་དཀྲོག་གཏམ་འཆད་པར་ཡང་མི་བྱ་བའི་འབོད་སྐུལ་བཏང་།
བདེ་ཐང་སྨན་པས་ཉིན་ལྟར་གྲོང་མིའི་ལུས་དྲོད་འཇལ་བ།
བདེ་ཐང་སྨན་པས་ཉིན་ལྟར་འཕྲོད་བསྟེན་དུག་སེལ་གྱི་ལས་ཀ་སྒྲུབ་པ།
          སྡེ་ཁུལ་དང་ཞིང་འབྲོག་གྲོང་ཚོ་ནི་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་འཐབ་ཕྱོགས་དང་པོ་ཡིན་ལ། ཕྱི་ནས་ནང་ལ་མཆེད་པ་དང་ནང་ནས་གང་སར་མཆེད་པའི་འགོག་སྲུང་གི་སྲུང་ཐག་གལ་ཆེན་ཞིག་ཀྱང་ཡིན། ཀན་ལྷོ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་དམངས་སེམས་གཅིག་མཐུན་དང་ཞིབ་བཤེར་ས་ཚིགས་འགོག་སྲུང་ལ་རོགས་རེས་ཧུར་ཐག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དུ་སྡེ་ཁུལ་དང་ཞིང་འབྲོག་གྲོང་ཚོའི་བཀག་འགོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དུ་ཁྱབ་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ནས། སྡེ་ཁུལ་དང་ཞིང་འབྲོག་གྲོང་ཚོ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་འཛིང་རགས་ཤིག་ཏུ་འགྱུར་བར་བྱས་ཡོད།

 ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་མཛུབ་ཁྲིད་འོག་འགྲུལ་ལམ་གནད་ཆེ་སར་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་ཐོ་འགོད་དང་ལུས་དྲོད་འཇལ་བ།
          ད་ལྟའི་བར། ཀན་ལྷོ་ཁུལ་དུ་ཏོག་གསར་གློ་ཚད་ནད་པ་8བྱུང་པ་ཚང་མ་སྨན་ཁང་ནས་བུད་པ་དང་། ཏོག་གསར་གློ་ཚད་ནད་པ་དང་དོགས་ཡོད་ནད་པ་ཚང་མ་དྲག་ཡོད་པ་རེད།