དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་བོད་ལྗོངས་སྦྲ་ནག་ཁེ་ལས་མ་རྐང་ཚད་ཡོད་ཀུང་སིས་ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མའི་སྡེ་ཚན་ཁག་ལ་དངོས་རྫས་ཞལ་འདེབས་རྒྱག་བཞིན་པ།
         ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་ནས་བཟུང་། བོད་ལྗོངས་སྦྲ་ནག་ཁེ་ལས་མ་རྐང་ཚད་ཡོད་ཀུང་སིས་བཀོད་འདོམས་ཁག་དོན་འཁྱོལ་ཧུར་ཐག་བྱས་པ་དང་། རང་འགུལ་ངང་དམངས་གཉེར་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཕྲག་སྟེང་དུ་འཁུར་ནས། སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྡེ་ཚན་ཁག་ལ་རིན་ཐང་སྒོར་323450ཟིན་པའི་དངོས་རྫས་ཞལ་འདེབས་ཐེངས་གཉིས་བརྒྱབ་ཅིང་། དེའི་ནང་སྨན་སྤྱོད་ཁ་རས་དང་དུག་སེལ་གཤེར་ཁུ། དེ་བཞིན་འཚོ་བའི་མཁོ་ཆས་སོགས་ཡོད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། 

འདི་ནི་ནག་ཆུ་གྲོང་ཁྱེར་གྱི་སླར་ཡང་ལྟ་འདོད་པའི་ཚོང་རས་གྲོང་མིར་རིན་མེད་ངང་ཁ་རས་སྤྲོད་བཞིན་པ།
        ནག་ཆུར་ལོ་30ཡི་རིང་རྩ་བ་ཚུགས་པའི་དམངས་གཉེར་ཁེ་ལས་པ་སྟེ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། ནག་ཆུ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ། ནག་ཆུ་གྲོང་ཁྱེར་གྱི་སླར་ཡང་ལྟ་འདོད་པའི་ཚོང་རའི་སྤྱི་ཁྱབ་ཅིང་ལི་མིན་ཝུས་ཀྱིས་རང་ཉིད་ཁེ་ལས་པ་ཞིག་ཡིན་པའི་ངོས་ནས། “ཕྱུག་འགྱུར་ཡུལ་དྲན། རྒྱལ་གཅེས་དམངས་གཅེས”ཀྱི་འགན་འཁྲི་དང་ནག་ཆུའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོར་གཞིགས་ནས། ཐབས་ལམ་སྣ་ཚོགས་བརྒྱུད་རིམས་འགོག་ལ་དགོས་མཁོ་ཆེ་བའི་དངོས་རྫས་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་ཏེ། ནག་ཆུའི་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཡོད། མིག་སྔའི་བར། ནག་ཆུ་གྲོང་ཁྱེར་གྱི་སླར་ཡང་ལྟ་འདོད་པའི་ཚོང་རས་སྔ་རྗེས་སུ་གྲོང་མིར་སྤྱོད་ཐེངས་གཅིག་གི་སྨན་སྤྱོད་ཁ་རས་ཁྱོན་བསྡོམས་15260རིན་མེད་ངང་སྤྲད་པ་དང་། “84དུག་སེལ་གཤེར་ཁུ”སྒམ་80གྲབས་གསོག་བྱས་ཏེ་སྲིད་གཞུང་གི་གཅིག་སྡུད་བཀོད་གཏོང་བེད་སྤྱོད་བྱེད་པར་ཞལ་འདེབས་བརྒྱབ་ཡོད།
རྩོམ་སྒྲིག་པ།སྣང་རྡོར།