དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་རྒྱུ】དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་བསྟུན་བོད་ལྗོངས་ཀྱི་ལས་རིགས་ཁག་བསྐྱར་དུ་ལས་འགོ་ཚུགས་པར་བྲེལ་བ།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱིས་རིམས་ནད་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་མཚུངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་ས་དང་ཉིང་ཁྲི། གཞིས་རྩེ་སོགས་ས་གནས་ཀྱི་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། རི་མཐོའི་གྲོག་རོང་། ཞིང་ལས་ཕྱུགས་ར་སོགས་སུ་ལས་གཉེར་ལ་བྲེལ་བའི་རྣམ་པ་ཡོངས་སུ་མངོན་འདུག  འདི་ནི་བོད་ལྗོངས་མཁའ་འགྲུལ་གྱིས་བོད་ལྗོངས་སུ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་རམ་འདེགས་བྱས་པ་མ་ཟད། བོད་ལྗོངས་སུ་ཕྱིར་ལོག་མཁན་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་དེ་བཞིན་བོད་ལྗོངས་སུ་ལས་ཀ་བསྐྱར་ལས་སུ་སྐྱོད་མཁན་མི་སྣར་བསུ་མ་བྱེད་བཞིན་པ་རེད།
        བོད་རང་སྐྱོང་ལྗོངས་སུ་བསྟུད་མར་ཉིན50ལྷག་ཙམ་རིང་ཏོག་གསར་གློ་ཚད་གསར་པའི་ གཏན་འཁེལ་ནད་པ་གསར་པའམ་ཡང་ན་ནད་རྟགས་འདྲ་བའི་ནད་གཞི་གསར་དུ་ཐོན་མེད་པ་དང་། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་ཡིག་ཆ་བཀྲམས་ནས་ཁྱིམ་སྡོད་ལོགས་བཀར་དང་གཅིག་སྡུད་ལོགས་བཀར་མེད་པ་བཟོས་པ་དང་ཆབས་ཅིག་བཟའ་བཏུང་ཁེ་ལས་དང་མི་སྒེར་གྱི་བཟའ་བཏུང་ཚོང་ཁང་ཁག་གིས་ཟ་ཁང་གི་བཟའ་བཏུང་སླར་གསོ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་རིམ་བཞིན་རྒྱུན་གཏན་དུ་གྱུར་ཡོད་པ་རེད། འདི་ནི་གྲོང་མིའི་འཚོ་བ་རྒྱུན་ལྡན་ལྟར་སྣང་པ་སྟེ། ཁ་ཐུམ་བརྒྱབ་ནས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པ་དང་ཟ་ཁང་དུ་བཟའ་བཏུང་སྤྱོད་པ། སེན་མོ་མཛེས་བཟོ་ཁང་དུ་སེན་མོ་མཛེས་བཟོ་བྱེད་བཞིན་པ་རེད།
        ཟླ3པ་ནི་དཔྱིད་རྨོར་གྲ་སྒྲིག་གི་དུས་མཚམས་གལ་ཆེན་ཞིག་ཡིན་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གི་ཞིང་ཁ་དང་ཞིང་ཚིགས་སུ་མི་རྣམས་ཀྱིས་རྨོ་གཤོལ་འདེབས་པ་དང་ཆུ་གཏོང་པ། ལུད་རྒྱག་པ། ཡལ་ག་གཅོད་པ་དང་ལོ་འདབ་འབྲེག་པ། མེ་ཏོག་དང་སྔོ་ཚལ་འདེབས་པ་སོགས་ས་ཞིང་གཤིན་པོ་དེར་རིམ་བཞིན་གཟི་མདངས་གསར་པ་མངོན་ཏེ“མི་རྣམས་ལས་ལ་བརྩོན་བཞིན་དཔྱིད་ཀ་ཤར་པ་དང་། ཞིང་ཁར་རྨོ་ལས་ལ་བྲེལ་བའི”རྣམ་པ་ཡོངས་སུ་མངོན་འདུག  འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་པ་རྣམས་ལས་ལ་བྲེལ་བཞིན་པའི་རྣམ་པ་རེད།
        དཔྱིད་ཀ་ཤར་བ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱི་2019ལོའི་ལོ་འཁོར་གྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་ནས་ཞིང་ལས་ཀྱི་ཕན་འབྲས་མཐོ་ལ་ཞིང་པའི་ཡོང་འབབ་འཕར་པར་འབད་པ་ལྷུར་ལེན་གནང་ཡོད། མིག་སྔར། རྫོང(ཆུས)དགུའི་ས་ཞིང་ཁོད་སྙོམས་དང་ས་རྒྱུ་ལེགས་བཅོས། དེ་བཞིན་ལུད་སྣོན་དང་འཕྲུལ་རྨོའི་ལམ་འཛུགས་སྐྲུན་བཅས་གཞི་རྩའི་སྟེང་ལེགས་གྲུབ་ཟིན་ནས་ལས་འགོ་བསྐྱར་ཚུགས་ཐུབ་ཚད67%ཟིན་ཡོད་པ་རེད། འདི་ནི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱ་ཡུལ་དངོས་རེད།
        ལུ་གུ་ཆུང་ཆུང་གི་འབའ་སྒྲ་དང་བསྟུན་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤང་མེར་ཤང་ལུག་གསོ་སྤེལ་རྟེན་གཞིའི་ལུ་གུ་བསུ་བའི་ལས་དོན་སྤེལ་འགོ་ཚུགས་ཤིང་། སྐབས་དེ་དུས་ནི་ལུ་གུ་སྐྱེ་ལེན་དང་ལུ་གུ་གསོ་བའི་གནད་འགག་དུས་སྐབས་ཡིན་པས། ཨ་མདོ་རྫོང་སྤང་མེར་ཤང་གིས་གྲོང་ཚོ་ཁག་གི་ཕྱུགས་རིགས་སྨན་པ་དང་གྲོང་ཚོའི་སྨན་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མ་མོའི་གསོ་ཚགས་དོ་དམ་ད་ང་ཕྲུ་གུ་སྐྱེ་ལེན་སོགས་ཐད་ཀྱི་ཤེས་བྱ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་དུས་མཚུངས་འབྲོག་པའི་ལུ་གུ་སྐྱེ་ལེན་དང་ལུ་གུ་གསོ་བའི་ཆུ་ཚད་མཐོ་རུ་བཏང་བ་རེད། འདི་ནི་སྤང་མེར་ཤང་གི་ལུག་གསོ་སྤེལ་རྟེན་གཞི་རེད།
        ལས་ཡུལ་དངོས་སུ་ལས་སྒྲུབ་རླངས་འཁོར་འགྲོ་འོང་རྒྱུན་ཆད་མེད་ཅིང་། འཕྲུལ་ཆས་ཀྱི་སྒྲས་གནམ་ས་ཁེངས་ཡོང་། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས150བསྐྱར་དུ་ལས་འགོ་ཚུགས་པ་དེ་ལྷོ་ཁ་གྲོང་ཁྱེར་གྱི་རྣམ་གྲངས་གཙོ་གཉེར་སྡེ་ཚན་གྱི་དྲ་ཐོག་ཞིབ་མཆན་ལས་སྟེགས་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཆ་རྐྱེན་གང་ལེགས་བསྐྲུན་ཡོད་པ་མ་ཟད། ངར་ལྕགས་རྒྱུ་ཆས་དང་ཨར་འདམ་སོགས་འཛུགས་སྐྲུན་རྒྱུ་ཆ་འབོར་ཆེན་གྲབས་གསོག་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབས་ནས་གཙོ་གནད་རྣམ་གྲངས་ཀྱི་ཨར་འདམ་མཁོ་སྤྲོད་འགན་ལེན་གྱི་སྔོན་གཏན་འཁེལ་བའི་ལམ་སྲོལ་ཁྱབ་གདལ་བཏང་ནས་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད་པ་རེད། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཀྱི་ལས་འགོ་བསྐྱར་ཚུགས་བྱས་པའི་ཡུལ་དངོས་སུ་ལས་བཟོ་པའི་བྲེལ་འཚུབ་ཆེ་བའི་རྣམ་པ་རེད།
        ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཅིག་པུ་དེ་ཡིན་པ་དང་། ས་མཐོའི་མི་རིགས་ཀྱི་ཁྱད་ཆོས་དང་ས་གཙང་བདེ་ཐང་ཐོན་ལས། ལག་རྩལ་མཐོ་བའི་ཐོན་ལས་བཅས་ཀྱིས་གཙོ་ཁྲིད་བྱེད་པ་དང་། ཚོང་དོན་དང་བཟོ་སྐྲུན། ཟོག་འགྲེམས། མ་འཇོག རིག་གནས། གསོ་རིག་སོགས་སྣ་ཁ་ཅུང་ཆ་ཚང་བའི་ཐོན་ལས་མ་ལག་ཅིག་རིམ་བཞིན་ཆགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་ཤོས་དང་། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་མང་ཤོས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་གླིང་ཁུལ་ཞིག་ཏུ་གྱུར་ཡོད། འདི་ནི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྣེ་འདྲེན་ཁེ་ལས་མང་པོའི་ལས་མིས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀར་བྲེལ་བཞིན་པའི་རྣམ་པ་རེད།