ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་བ།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཟླ་3པའི་ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་ཡོད། དེ་ཉིན་ཕྱི་དྲོ། ཁོང་གིས་སྔོན་ལ་ཉིང་པོ་ཀྲའུ་ཧྲན་གྲུ་ཁ་དང་། ཁྲོན་ཧྲན་གྲུ་ཁ། པེ་ལུན་ཏ་ཆི་རྩེར་སོན་རླངས་འཁོར་སྒྲིག་སྦྱོར་ལུགས་ཆས་གླིང་ཁུལ་བཅས་སུ་ཕེབས་ནས་གྲུ་ཁ་དང་གླིང་ཁུལ་གྱི་ཁེ་ལས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཇི་ལྟར་བྱེད་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད།

          ཉིང་པོ་པེ་ལུན་ཏ་ཆི་རྩེར་སོན་རླངས་འཁོར་སྒྲིག་སྦྱོར་ལུགས་ཆས་གླིང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླིང་ཁུལ་གྱི་དོ་དམ་མི་སྣ་དང་ཁེ་ལས་འབྲིང་ཆུང་གི་འཐུས་མི། ཀྲེ་ཅང་དུ་ཕྱིར་ལོག་བྱས་པའི་ལས་མིའི་འཐུས་མི་སོགས་དང་སྤེལ་རེས་གནང་ཡོད།

          ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་མི་ཚོགས་མི་གཅིག་པ་དང་ཁེ་ལས་མི་གཅིག་པ། ལས་རིགས་མི་གཅིག་པ་བཅས་ལ་ཤུགས་རྐྱེན་ཐེབས་ཡོད། ཏང་ཀྲུང་དབྱང་གིས་ཞིབ་འཇུག་བྱེད་དུས་ཀྱང་ཁེ་ལས་འབྲིང་ཆུང་ལ་བསམ་བློ་བཏང་ནས་ཆ་སྦྱོར་སྲིད་ཇུས་ཁག་ཅིག་བཏོན་ཡོད། དེ་དག་ཀྱང་དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་གཞི་རྩའི་རང་བཞིན་གྱི་ཤུགས་རྐྱེན་མི་ཐེབས་པ་དང་། རྣམ་པ་བཟང་པོ་གང་མགྱོགས་སླར་གསོ་ཐུབ་པ་བྱ་རྒྱུ་མ་ཟད་ད་དུང་གོང་འཕེལ་གསར་པ་ཡོང་བ་བྱ་རྒྱུ་ཡིན། ད་ཐེངས་རྟོག་ཞིབ་ཏུ་ཡོང་དོན་ཡང་ཚང་མའི་བསམ་འཆར་ཉན་ཆེད་ཡིན་ཞེས་གསུངས་གནང་ཡོད།

          གླིང་ཁུལ་གྱི་ཆིན་ཀྲེ་འཕྲུལ་ཆས་ལུགས་ཆས་ཚད་ཡོད་ཀུང་སིར། སྤྱི་ཁྱབ་ཧྲུའུ་ཅིས་ཐོན་སྐྱེད་ལས་རིམ་ཐོག་གི་ལས་བཟོ་པ་དང་མཛའ་བརྩེའི་སྤེལ་རེས་གནང་བ་དང་། ཁོང་ཚོར་འཚམས་འདྲི་གནང་ཞོར། གཟུགས་པོར་བདག་གཅེས་བྱ་རྒྱུའི་མངགས་བྱ་གནང་ཡོད། ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ་འོག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཧུར་ཐག་བྱས་ཏེ་གཅིག་ནས་ཐོན་སྐྱེད་ལས་འགན་ལེགས་འགྲུབ་དང་། གཉིས་ནས་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།

          སྤྱི་ཟླ་3པའི་ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཐན་ཧོང་ཕིང་གྲོང་རྡལ་ཡུས་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་དང་། ཡུལ་མི་ཚོ་དང་མཛའ་བརྩེའི་སྤེལ་རེས་གནང་ནས་གྲོང་ཚོ་དེས་ལོ་མང་རིང་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དང་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་བཏང་བ་ལས་བྱུང་བའི་འགྱུར་ལྡོག་ཆེན་པོར་རྒྱུས་མངའ་གནང་ཡོད། དེ་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཅི་རྫོང་སྤྱི་ཚོགས་འགལ་ཟླ་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་ཕེབས་ནས་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ཇི་ལྟར་བྱེད་ཚུལ་ཐད་མཁྱེན་རྟོགས་གནང་ཡོད་པ་རེད།