ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ལྷོ་ཁར་རྒུན་འབྲུམ་ཆུང་ཆུང་གིས་ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།

སྤེལ་དུས 2020-04-03 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་པ་པོ།

    ཡར་ཀླུང་གཙང་པོའི་འགྲམ་གྱི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་གླིང་གི་ཟུར་ཞིག (ཟླ་3ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
          ཉེ་བའི་ལོ་ཤས་རིང་། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ལུང་གཞུང་གི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས“ཀུང་སི།+རྟེན་གཞི།+ཞིང་དུད”བཅས་ཀྱི་རྣམ་པའི་ཐོག་ནས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བཏང་ཡོད། 2019ལོར་ས་ཆ་དེ་གའི་རྒུན་འབྲུམ་རྟེན་གཞིའི་རྒྱ་ཁྱོན་མུའུ་2000ཟིན་ནས་དེ་གའི་ཞིང་འབྲོག་པ་300ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། འདི་ལོ་ཟངས་རི་རྫོང་གིས་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་འབྲེལ་རྒུན་འབྲུམ་ཨ་རག་གྲོང་བསྐྲུན་ནས་རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་ཨ་རག་ཐོན་སྐྱེད་བྲིན་འཚོང་། ཡུལ་སྐོར་སྤྲོ་གསེང་ཞབས་ཞུ་བཅས་ཚུད་པའི་རྒུན་འབྲུམ་གྱི་ཐོན་ལས་སྦྲེལ་ཐག་བཏོད་དེ་ཞིང་འབྲོག་པ་དེ་བས་མང་བ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྩིས་ཡོད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྒུན་འབྲུམ་འདེབས་འཛུགས་གླིང་དུ་ཞིང་འབྲོག་པས་རྒུན་འབྲུམ་གྱི་ལྗང་མྱུག་ལ་ཁྱིམ་ལུད་རྒྱག་པ། (ཟླ་3ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྒུན་འབྲུམ་འདེབས་འཛུགས་གླིང་དུ་ལག་རྩལ་པ་ཀའོ་ཧྲེང་ཞི་ཡིས་རྒུན་འབྲུམ་ཤིང་གི་ཡལ་གར་གཅེས་སྐྱོང་བྱེད་པ། (ཟླ་3ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
རྩོམ་སྒྲིག་པ།སྣང་རྡོར།